[A:༨༧]ཤེའུ་ལོ་ཙཱ་བའི་སློབ་མ་ལྕགས་མོ་ཆོས་མཛད་མའི་གཡོག་མོ་དེ་ནཱ་ལེནྡྲར་གསུང་ངག་ཞུ་བ་ལ་ཡོང་དུས་ཆུ་ནད་ཀྱིས་འཆི་ལ་ཁད་པ་ལ་བསྲུང་མདུད་དང་བྱིན་རླབས་མཛད་སྐབས་ལྕགས་མོ་བླ་མ་བློ་གྲོས་བརྟན་པས་དོ་དགོང་སང་དགོང་ཙམ་འཆི་བ་འདྲ་ཞུས་པས་ཁམས་མོ་ད་རེས་མི་འཆི་གསུང་བ་བཞིན་ནད་ལས་གྲོལ་ནས་གསུང་ངག་ཡོངས་རྫོགས་ཐོབ། ཡང་བསམ་འགྲུབ་རྩེར་མདའ་དཔོན་སྒོག་ལུང་པ་ན་དུས་ཚེ་དབང་བརྒྱ་རྩ་དང། འཆི་བསླུ་མཛད་ཚེ་ཞབས་ཕྱི་འགའ་རེས། ད་ལན་མདའ་དཔོན་འགྲོ་བ་འདྲ་ཞུས་པས། ཨ་ཁ་མདའ་དཔོན་མི་འཆི་གསུངས་པ་བཞིན་ནད་ལས་གྲོལ་བ་དང། འོག་ནས་འབྱུང་བ་ལྟར་ཆོས་སྡེ་གསར་པའི་ས་ཆོག་སྐབས་བཀའ་གནང་བ་རྣམས་དེ་བཞིན་དུ་གྱུར་པ་དང། འགྲུལ་པ་སོགས་འོང་གསུངས་པའི་ཉིན་འོངས་ཤིང། མི་འོང་གསུངས་པའི་ཉིན་མི་འོངས་པ་སོགས་མདོར་ན་ཐུགས་མཁྱེན་ཐོགས་པ་མེད་པའི་རྣམ་ཐར་དཔག་མེད་ཡོད་ཀྱང་དེ་ཙམ་ལས་བརྗོད་པར་མ་ནུས་ལ། དེ་ལྟར་རྣམ་འདྲེན་དམ་པ་རང་ཉིད་མཁས་གྲུབ་ཀྱི་གོ་ས་མཐོན་པོར་གཤེགས་ཏེ་གཞན་རྗེས་སུ་བཟུང་བའི་ཚེ་སྨིན་བྱེད་དབང་ངམ། གྲོལ་བྱེད་ཀྱི་ལམ་མམ། མཐའ་དྲུག་ཚུལ་བཞིའི་རྒྱུད་དོན་འཆད་དམ། ཟབ་མོའི་བྱིན་རླབས་སྩོལ་ལམ། རྣམ་དག་སྡོམ་པ་འབོག་པ་ལ་སོགས་པ་གང་མཛད་ཀྱང་དེ་