R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༩༠
[A:༩༠]མཁྱེན་ཆེན་པོའི་སྡོམ་གསུམ་སྤྱི་དོན་གྱི་ལུང་དང། སྡོམ་གསུམ་ཊཱིཀྐའི་ལུང་ལས། དེ་ལྟའི་རི་དྭགས་རྒྱལ་པོ་དེ། དཔལ་ལྡན་ས་སྐྱའི་གངས་རིར་གནས་ཞེས་པའི་མཚམས་སུ་ཆོས་མཚམས་མཛད། དེ་ཕྱིན་གསན་འཕྲོར་ལུས་པ་དང། ཨ་མེས་ཞབས་ཀྱི་སྐུ་འཁོར་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་གནང། དེ་ནས་རྒྱལ་རྩེ་གུར་པ་གྲ་ཚང་གི་འདུ་ཁང་གསར་བཞེངས་རབ་གནས་ལ་དྲུང་ཆེན་སྒྲུབ་གཉེར་བས་སྤྱན་འདྲེན་བྱུང་ཡང་སྡེ་སྲིད་ཀྱི་དགོངས་པ་མ་བཞེངས་པར་རྩེ་གདོང་ནས་དབོན་རིན་པོ་ཆེ་བྱོན་ནས་རབ་གནས་གྲུབ་བསྟུན་གཞིས་རྩེར་ཁུ་དབོན་ལྷན་རྒྱས་ཐོག་རྗེ་ཉིད་ཀྱིས་བཀའ་ཆོས་འགའ་ཞིག་བསྩལ་ཞིང། དབོན་རིན་པོ་ཆེས་ཕུར་བཟློག་དྲུག་བཅུ་པའི་གཏོར་བཟློག་མཛད། སྡེ་སྲིད་ལ་ཚེ་དཀར་གྱི་རྗེས་གནང་དང། སྡེ་སྲིད་ཀྱིས་དཔག་བསམ་འཁྲི་ཤིང་དང་མེ་ལོང་ཊཱིཀྐའི་ཐོག་ནས་རྩོམ་རྒྱུགས་སོགས་པུ་ཏི་གསུམ་ཕུལ། དབོན་དྲུང་རྩེ་གདོང་དུ་ཕེབས། རྗེ་ཉིད་དེར་བཞུགས་ཏེ་སྡེ་སྲིད་ཀྱི་དགོངས་པ་སྒྲུབ་པ་དང། ཕན་ཚུན་མཇལ་འཕྲད་ཞུ་བ་རྣམས་ལ་བཀའ་ཆོས་སྩལ། ལུག་ལོ་ནག་ཟླའི་ཉེར་བདུན་ལ། དབོན་མོ་སྡེ་སྲིད་ཀྱི་ལྕམ་གཤེགས་པའི་རྗེས་ཀྱི་བྱ་བ་རྣམས་མཛད་དེ། དབོན་མོ་གཞོན་པ་སྡེ་སྲིད་ཀྱི་བཙུན་མོར་བཞེས་པ་ལ་བཀའ་ཆོས་སོགས་གནང་ནས་