[A:༩༧]ས་ཕྱོགས་གང་དུ་ཕེབས་ཀྱང་མཆོག་དམན་བར་མའི་ལྷ་སྡེ་མི་སྡེ་ཀུན་གྱིས་མཆོད་ཅིང་བསྙེན་བསྐུར་ཡང་ཁེངས་དྲེགས་ཅུང་ཟད་ཀྱང་མི་མངའ་བ་དམན་ཆ་ཁོ་ན་འཛིན་པར་མཛད་ཅིང་སྐུ་ཚེ་རིལ་པོར་གཞན་སེམས་དཀྲུག་པའི་ཚིག་རྩུབ་ཚིག་གཅིག་ཀྱང་ཞལ་ནས་གསུང་མ་མྱོང་བ་སོགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ཁོ་ན་མངའ་བ་ཡིན་ནོ། །
དེ་ནས་དགུང་ལོ་རེ་བདུན་པ་མེ་གླང་ཐ་སྐར་ཟླ་བའི་ཚེས་བཅུ་གཅིག་ལ་གཞིས་རྩེར་ཕེབས་སྐབས་སྡེ་སྲིད་ཆེན་པོའི་གསུང་ལས། ངེད་རང་གཞོན་ནུའི་དུས་རྒྱལ་རྩེར་ཕྱིན་པ་དེས་ཡིད་དྲངས་ནས་འདིར་ཡང་ཆོས་སྡེ་དང་རྟེན་བཞེངས་དེ་འདྲ་ཞིག་བྱུང་ན་སྙམ་པར་གྲྭ་ཚང་ལྔས་གཙོ་བྱས་པའི་སྤོས་ཁང་བྱེས་པ་དང། ཕུར་པ་གྲྭ་ཚང། ཐར་པ་བ། འགྲོ་དོན་གླིང་པ། ཐེག་མཆོག་གླིང་པ་རྣམས་ཀྱིས་འདུས་ཚོགས་ཀྱི་གཙོ་བོར་གཙང་གད་པའི་སྲས་ཇོ་གདན་འདི་མཁན་པོར་བཀོད་རྒྱུ་ཡིན་པས་ཚེས་བཅུ་གསུམ་ལ་ས་ཆོག་མཛད་དགོས་དེ་ཡང་ལྟས་མོ་སོགས་ཀྱིས་ཁྱད་རྡོ་རྗེ་ཕུར་པའི་སྒོ་ནས་གནང་བར་ཞུ་གསུངས་པ་བཞིན། དེ་ཕྲལ་རྩེ་གདོང་ནས་འཆམས་ཆས་སོགས་བཞེས་ཏེ་དཔོན་སློབ་ཉི་ཤུ་སྐོར་གྱི་བཅུ་གསུམ་བི་སྤེན་འགྲུབ་སྦྱོར་ཉིན་ས་ཆོག་མཛད་དེ་ནུབ་སྨད་སྤྲེའུའི་ཐོག་ཏུ་ས་བསྐོས་པ་ལས་སོལ་བ་ཐོན་པས་རྟེན་འབྲེལ་མ་ལེགས་ཤིང་སྡེ་