R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༩༨
[A:༩༨]སྲིད་ཉིད་ནས་ལྟོ་འཕྱེའི་ཐིག་སོགས་མཛད་འདོད་ཡོད་ཀྱང་སྨིན་དྲུག་བཅུ་གཅིག་བུམ་གཏེར་སྦ་བའི་ཉིན་བར་ཐུགས་སྙེལ་བས་རྟེན་འབྲེལ་མ་འགྲིག་རྗེ་ཉིད་ཀྱི་བུམ་གཏེར་སྒྲུབ་མཇུག་མཛད། མགོ་ཟླའི་ནང་མཁན་ཆེན་ངག་དབང་ཆོས་གྲགས་གཞིས་རྩེར་ཕེབས་ཏེ་གྲྭ་ལྔའི་དབང་དང། གདུགས་དཀར་ལེགས་ལྡན་གྱི་རྗེས་གནང། ཚེ་དབང་མདའ་འཕེལ་མ། བྲག་རྫོང་མའི་འཁྲིད་སོགས་གསན། ཕར་ཚེ་དཔག་ལྷ་དགུའི་དབང་གནང། ཐུབ་བསྟན་མཁན་ཆེན་དོན་གྲུབ་དཔལ་བཟང་གཞིས་རྩེར་བཞུགས་པ་ལ་ཀྱཻ་རྡོར་རྒྱུ་དབང་སོགས་གནང། སླར་ཡང་ས་སྟག་རྟ་ཟླའི་བཅུ་གཉིས་ལ་དཔོན་སློབ་བཞི་བཅུ་སྐོར་གྱིས་ཕུར་པའི་ས་ཆོག་རྒྱས་པ་མཛད་སྐབས་བཀའ་བསྒོའི་ཚེ་དབུ་གདུགས་ཆག་པས་རྗེ་ཉིད་ཤིན་ཏུ་མ་དགྱེད་པར་གྱུར་ཏེ་ས་ཆོག་གྲོལ་འཕྲལ་ཞལ་རས་ནག་པོར་གྱུར་ནས་གཟིམ་ཆུང་དུ་ཕེབས། དབུ་ཞྭ་བཞུགས་ལྡིང་ཁར་སྐྱུར་སྟབས་སུ་མཛད་ནས་ཁྱེལ་བཞུགས་ཀྱི་གསུང་ལས་སྡེ་སྲིད་ཀྱི་སྐུ་ཚེར་བར་ཆད་མི་ཡོང་ཡང་མཚན་ཇུས་ཡག་པོ་མི་ཡོང་བ་ཐག་ཆོད་འདུག་གསུངས། དེ་ནས་སྡེ་སྲིད་ཀྱིས་རྗེ་ཉིད་ལ་ཞལ་བཀོད་ཆེར་མ་ཞུས་པར་གསར་བཞེངས་རྟག་འགྲུས་སུ་མཛད་པའི་རྟེན་གཙོ་སྨན་བླའི་གསེར་སྐུ། ཀླུ་སྒྲུབ། ཐོགས་མེད་སོགས་རྒྱ་གར་གྱི་པཎ་གྲུབ་དུ་མའི་རྡོ་སྐུ་ཆེ་