[A:༩༤]རྒྱུད་གསང་བ་སྙིང་པོའི་ལུང༌། རྫོགས་པ་ཆེན་པོ་སེམས་ཉིད་ངལ་པོད་ལེའུ་བཅུ་གསུམ་པ། དེའི་འགྲེལ་པ་ཤིང་རྟ་ཆེན་པོ། སྤྱི་དོན་ངལ་གསོ་སྐོར་གསུམ་གྱི་ལུང༌། རྡོ་རྗེ་ཕུར་པ་བཀའ་མའི་འགྲེལ་པ་འབུམ་ནག་གི་ལུང༌། སྤྲུལ་པའི་ལོ་ཙཱ་བའི་རྣམ་ཐར་འདྲ་འབག་ཏུ་གྲགས་པའི་ལུང༌། གཏེར་ཁ་འོག་མའི་ཁ་འབར་མ་དཀར་མོ་ལ་བརྟེན་ནས་འཆི་བ་བསླུ་བ། ཁ་འབར་མ་ནག་མོ་ལ་བརྟེན་ནས་ལྟས་ངན་སྲི་དང་བྱད་ཁ་བཟློག་པ། ཁ་འབར་མ་ཁྲ་བོ་ལ་བརྟེན་ནས་ཁ་སྨྲས་བཟློག་པ་རྣམས་ཀྱི་ལུང༌། གཏེར་ཆེན་བཟང་པོ་གྲགས་ཀྱིས་རྒྱང་ཡོན་པོ་ལུང་ནས་སྤྱན་དྲངས་པའི་གསོལ་འདེབས་ལེའུ་བདུན་མའི་ལུང༌། གཏེར་བདག་གླིང་པའི་གསང་བའི་རྣམ་ཐར་གྱི་ལུང༌། ཨོ་རྒྱན་གླིང་པའི་པདྨའི་རྣམ་ཐར་རྒྱས་པ་པདྨ་བཀའ་ཐང་གྲགས་པ་དང་། ཐང་ཡིག་སྡེ་ལྔའི་ལུང་། གྲུབ་དབང་ཐང་སྟོང་རྒྱལ་པོའི་རྣམ་ཐར་ལྔ་བསྡུས་ལོ་ཆེན་གྱིས་མཛད་པའི་ལུང༌། རྒྱ་གར་ནུབ་ཕྱོགས་ཀྱི་ཛོ་ཀི་ཀརྨ་ན་བས་མཁྱེན་བརྩེ་དབང་ཕྱུག་ལ་ཕུལ་བའི་གུ་རུ་མཚོ་སྐྱེས་རྡོ་རྗེ་སྐུ་གསུམ་སྒྲུབ་ཐབས་ཀྱི་ལུང༌། རྡོར་བྲག་པད་ཕྲིན་གསུང་ནོར་ཆོག་སྐོར་དང༌། བྱང་གྲོལ་གསེར་སྡེའི་ཆོག་སྒྲིགས་སོགས་ཀྱི་ལུང༌། གཉིས་པ་དེ་ཐམས་ཅད་ཀྱི་རྒྱབ་རྟེན་ལུང་ལ་གཉིས། མཁས་གྲུབ་རྣམས་ཀྱི་བསྟན་བཅོས་དང༌། བདག་ཅག་གི་སྟོན་པའི་བཀའ་གཉིས་ལས། དང་པོ་འཇམ་མགོན་ཀུན་དགའ་གྲོལ་མཆོག་ཞབས་ཀྱིས་བསྟན་པའི་ཁུར་བཞེས་ཏེ། རིས་མེད་