R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༩༥
[A:༩༥]གང་ཡོད་ནང་ནས་ཟབ་ཁྲིད་བརྒྱ་རྩ་ཕྱོགས་གཅིག་ཏུ་བསྒྲིག་པའི་ཇོ་ནང་ཁྲིད་བརྒྱད་(བརྒྱར)གྲགས་པ། ཐོག་མར་ས་སྐྱ་པའི་ཞེན་པ་བཞི་བྲལ་ནས་དང་མཚོ་རས་པའི་སེམས་ཁྲིད་ཡིད་བཞིན་ནོར་བུའི་བར་ལ་བརྒྱ་དང་བདུན། བརྒྱ་དང་བརྒྱད་པར་ཁྲིད་བརྒྱའི་མཚན་ཐོ། ལོ་རྒྱུས། སྤྱི་ཆིངས་བརྒྱུད་འདེབས་བཅས་པ་སྟེ་གོང་གསལ་རྣམས་ཀྱི་ལུང་ཁྲིད་དང༌། དེ་བྱིངས་རྣམས་ཀྱི་ལུང་གསན། ཁ་ཆེ་པཎ་ཆེན་གྱི་སངས་རྒྱས་སྟོང་བསྟོད་སྐལ་བཟང་རྒྱན་ཕྲེང་གི་ལུང༌། བཀའ་གདམས་གླེགས་བམ་དུ་གྲགས་པ་ཡིག་སྣ་ང་དྲུག་གི་ལུང༌། ཁྲོ་ཕུ་ལོ་ཙཱ་བའི་མན་ངག་བརྒྱ་རྩར་གྲགས་པའི་གླེགས་བམ་གྱི་ལུང༌། བུ་སྟོན་གྱིས་མཛད་པའི་བསྟན་པ་ཆོས་འབྱུང་དང༌། ཨ་མེས་ཞབས་ཀྱིས་མཛད་པའི་ས་སྐྱ་པའི་གདུང་རབས་ཆེན་མོའི་ལུང༌། གཡའ་བཟང་བའི་ཕྱག་རྡོར་ཉི་མ་གདུང་གང་མའི་སྒྲུབ་སྐོར་རྣམས་ཀྱི་ལུང༌། དཔལ་ས་སྐྱའི་ཆོས་སྤྱོད་རབ་གསལ་ཤོག་གྲངས་བརྒྱ་དང་དགུའི་ལུང༌། སྔགས་འཆང་ཆེན་པོས་མཛད་པའི་སྲུང་འཁོར་བྲག་རྫོང་མ། ས་ལོས་མཛད་པའི་མགོན་པོ་དྲུག་ཅུ་མའི་གཏོར་བཟློག་ཡན་ལག་རྣམས་དང༌། ཨ་མེས་ཞབས་ཀྱི་བདེ་མཆོག་ཆོས་འབྱུང༌། རབ་གནས་དོན་ལྷུན་མ། སྔགས་འཆང་ཆེན་མོའི་གཏོར་བསྔོ་ཆེན་མོ་རྣམས་ཀྱི་ལུང༌། རོང་སྟོན་གྱིས་ཡུམ་ལ་གནང་བའི་འཕོ་དམིགས། མཁྱེན་རབ་བྱམས་ལྷུན་གྱི་བྱ་ཚུལ་དང་བཅས་པའི་ལུང༌། ཐུབ་བསྟན་མཁན་ཆེན་ངག་དབང་བསྟན་རྡོར་གྱིས་མཛད་པའི་ཐུགས་རྗེ་ཆེན་པོ་ལ་བརྟེན། སྤྲོས་བཅས་སྤྲོས་མེད་ཀྱི་འཕོ་བ་གདབ་ཚུལ། རྒྱུད་འདེབས་