R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༩༣
[A:༩༣]པོའི་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང༌། ཁ་ཐོར་སྣ་ཚོགས་པའི་སྐོར་ལ། རྟ་མགྲིན་སྐྱེར་སྒང་བསྙེན་ཡིག་འཇམ་དབྱངས་གྲགས་པས་མཛད་པ། གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇའ་ཟུག་མ། རིག་འཛིན་སྲོག་གྲུབ་ལས་པདྨ་དྲ་བའི་གླིང་གི་སྨོན་ལམ། རྩེ་ལེ་སྤྲུལ་སྐུའི་རི་ཆོས་རེས་མཛད་པའི་དཀོན་མཆོག་སྤྱི་འདུས་དང༌། བླ་མ་དྲག་པོ། རྩ་གསུམ་དབང་ཆོག་རྒྱས་པ་རྣམས་ཀྱི་ལུང༌། པདྨ་ཕྲིན་ལས་དབང་ཕྱུག་གི་གསུང་རྒྱུན་ཚེ་སྒྲུབ་དྲག་སེང་གཉིས་ཀྱི་དམིགས་རིམ་རྣམས་ཀྱི་ལུང༌། དཀོན་མཆོག་སྤྱི་འདུས་ཞི་དྲག་སེང་གསུམ་ལས་ཚེ་སྒྲུབ་བཅས་རྒྱན་ཆོས་སྐྱིད་གདམས་པའི་ལུང༌། ཞལ་གདམས་གསེར་གྱི་ཕྲེང་བའི་ལུང༌། སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མ། བན་བོན་གྱི་བྱད་བཟློག་ཧྲཱི་དམར་གཤིན་རྗེ་ཡང་སྙིང་གི་སྒྲུབ་སྐོར་རྣམས་ཀྱི་ལུང༌། རིགས་འཛིན་གཏེར་བདག་གླིང་པའི་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའི། བླ་མ་དྲག་པོའི་དབང་བཞི། གཏོར་དབང་དྲེགས་པའི་སྲོག་དབང་སྒྲུབ་སྐོར་ལུང༌། ཡང་དེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའི། ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དབང་བཞི་གཏོར་དབང་ཚེ་དབང༌། དེའི་སྐོར་གཏེར་ཆོས་ཚང་མའི་ལུང༌། ཡང་དེས་ངོམ་ཤོད་གནམ་ལྕགས་བྲག་གི་ཟབ་དོན་གཏེར་ཐེག་དགུའི་ཡང་རྩེ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དབང༌། རིག་པའི་རྩལ་དབང༌། བཏགས་གྲོལ་རྒྱུད་དྲུག་གི་བྱིན་རླབས། ལུང་ལ་རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་སྐོར་ཚང་མ་གསན། བཏགས་གྲོལ་གྱི་དབང་ཆོག་གོང་ས་ལྔ་པས་མཛད་པ་དང༌།