[A:༩༦]བཅས་ཀྱི་ལུང༌། རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་དཔལ་ལྡན་དམག་ཟོར་མའི་གཏོར་མ་ལ་བརྟེན་པའི་ཞི་རྒྱས་དབང་གསུམ། དྲག་ལས་རིམ་གསུམ་དང་བཅས་ཕྱོགས་གཅིག་ཏུ་བསྡེབས་པ། གཏོར་ཆོག་བསྐང་བསྟོད་དང་བཅས་པའི་ལུང༌། ཉི་སྦས་ལུགས་ཀྱི་སྒྲོལ་བསྟོད་རྣམ་དག་གཙུག་ནོར་མའི་ལུང༌། དེས་མཛད་ཐུགས་རྗེ་ཆེན་པོའི་དམར་ཁྲིད་བསྡུས་པ། དཔལ་ཆེན་རྒ་ལོས་མཛད་པའི་ཀླུ་གཏོར། རྗེ་བཙུན་གྲགས་པའི་སིལ་གཏོར་བརྒྱ་རྩ། དེའི་གདམས་ཚིག་ཁ་སྐོང་དང་བཅས་པ་ཐར་པཎ་གྱིས་མཛད་པ། ཡང་དེས་མཛད་པའི་ཆབ་གཏོར། ཀླུ་གཏོར། ཨ་མེས་ཞབས་ཀྱིས་མཛད་པའི་རྩི་དམར་དང་བསེ་ཁྲབ་གསོལ་མཆོད་ཕན་བདེ་ཀུན་འབྱུང༌། རྩི་དམར་གསོལ་ཁ་ཐུབ་བསྟན་ཀུན་ཁྱབ་མ། སྔགས་འཆང་བསྟོད་པ་བྱིན་རླབས་ཆར་འབེབས་མ། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་མཛད་པའི་སྤྱི་ཡི་ཆོས་འབྱུང༌། ཆོས་སྤྱོད་རྣམ་མཁྱེན་བགྲོད་ལམ། དུས་འཁོར་གསང་འདུས་བདེ་མཆོག རྣལ་འབྱོར་རྒྱུད་འདུ་བ་རྣམས་ཀྱི་ཆོས་འབྱུང་ལུང་གསན། གུ་གེ་པཎྜི་ཏ་གྲགས་རྒྱན་བདེ་མཆོག་སོགས་ཞལ་གྱི་མངོན་དཀྱིལ་ལུང༌། ཁ་རག་སྒོམ་ཆུང་བས་ཨང་ཡིག་བདུན་ཅུ་པའི་ལུང༌། རྒྱལ་རྩེ་ངག་དབང་རྒྱལ་མཚན་གྱི་མཁའ་སྤྱོད་མའི་བསྙེན་ཡིག མངའ་རིས་པ་ཚུལ་འོད་ཀྱི་རིགས་གསུམ་སྤྱིའི་དཀྱིལ་ཆོག་གཉིས་ཀྱི་ལུང༌། ངག་དབང་ཀུན་དགའ་ལེགས་འབྱུང་གིས་མཛད་སྐོར་ལ། རྡོར་སེམས་བསྒོམ་བཟླས་བྱ་ཚུལ། རྣམ་འབྱོར་མའི་སྒྲུབ་ཐབས་ཚིགས་བཅད། རིག་བྱེད་མའི་དབང་དང་བྱིན་རླབས།