[A:༩༧]བཀའ་བསྒོ་བྱེད་ཚུལ། གནོད་སྦྱིན་བེག་རྩེ་དང༌། དཀར་བདུད་བསྟོད་པ། སྒྲོལ་དཀར་དང་ཁྱུང་ཁྲའི་སྒྲུབ་ཐབས། རྣམ་སྲས་ཀྱི་བསྐང་བ་བསྡུས་པ་རྣསས་ཀྱི་ལུང༌། རྗེ་བཙུན་མི་ལའི་རྣམ་མགུར་ཡོངས་རྫོགས། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་དགེ་སློང་རྣམ་སྣང་བཙུན་པ་སྐལ་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་དབང་པོ་སྡེས་མཛད་པ། རྒྱུན་དུ་གསུངས་པའི་སྨོན་ལམ་ལན་གཏམ་རོང་སྟོན་ཆེན་པོས་མཛད་པ། ཀུན་རིག་གི་ཟིན་བྲིས་ཡིད་ཀྱི་མུན་སེལ་ཤེས་བཟང་གིས་མཛད་པ། ས་ཕུན་བླ་མ་སྒྲུབ་བསྙེན། ཨ་མེས་ཞབས་ཀུན་རིག་སྒྲུབ་དཀྱིལ་དབང་སོགས་ལེ་ལས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་གཞན་ཕན་ལྷུབ་གྲུབ་ཀྱི་གསུང༌། མཁྱེན་རབ་བྱམས་པ་ངག་ལྷུན་གྱིས་མཛད་པ་རྡོ་རྗེ་རབ་བརྟན་མའི་གསོལ་ཁ། བྱམས་པ་རྡོ་རྗེ་དབང་རྒྱལ་གྱིས་མཛད་པའི་གཏོར་ཆོག་བཅས་ཀྱི་ལུང༌། ཕྱི་ནང་རིག་གནས་སྐོར་གསན་ཚུལ། སྒྲ་མདོ་པ་ཎི་གཞུང་འགྲེལ་བ་དང་བཅས། ཡང་དེའི་འགྲེལ་བ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཕུན་གླིང་པར་མ་ནང་བཞིན་ཕྱག་བྲིས་སོགས་གསན། གསོ་རིག་རྒྱུད་བཞིའི་ལུང་གསན་པ་བཅས་གོང་གསལ་རྣམས་ཀྱི་བརྒྱུད་ཡིག་རྣམ་གྲངས་སོགས་ཞིབ་པ་གསན་ཡིག་གཞན་ལས་རྟོགས་པར་བྱའོ། །
ས་སྐྱ་པའི་བསྟན་འཛིན་བུ་སློབ་འགྲན་བྲལ་འཁྲུལ་ཟད་རྣམས་ཀྱི་བཀའ་འབུམ་སོགས་ཀྱི་ལུང་གསན་སྐོར་ལ། ཐོག་མར་རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་པོད་བཞི་ཡི་