[A:༩༨]ལུང༌། མུས་ཆེན་སེམས་དཔའ་ཆེན་པོའི་བཀའ་འབུམ་ལུང་ཚང་མ། ཀུན་མཁྱེན་གོ་རམ་པའི་སྔགས་འབུམ་པོད་བཞི། མུས་ཆེན་སངས་རྒྱས་རིན་ཆེན་གྱི་གསུང་གི་ལུང༌། ཚར་ཆེན་རྡོ་རྗེ་འཆང་བཀའ་འབུམ་ཕལ་ཆེར་གྱི་ལུང༌། གོང་ས་ལྔ་པའི་གསན་ཡིག་ནང་བཞིན་དང༌། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གི་གསུང་འབུམ་ཕལ་ཆེར་བའི་ལུང༌། གོང་ས་ལྔ་པའི་གསན་ཡིག་བཞིན་བྲིས་པ། གོང་ས་ལྔ་པའི་གསུང་འབུམ་ནང་ནས་དམར་པོ་སྐོར་གསུམ། གུར་ཞལ་རྣམས་ཀྱི་མན་ངག་དང༌། འཁོར་ལོའི་གསལ་བྱེད་རྣམས་དང༌། ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་འཆད་ཐབས། ལམ་འབྲས་སློབ་བཤད་ཀྱི་ཁྲིད་ཀྱི་ཁ་སྐོང་ས་ལུགས་སྐོར་པོད་གཉིས་ཀྱི་ལུང༌། ངོར་ཆེན་སངས་རྒྱས་ཕུན་ཚོགས་བཀའ་འབུམ་པོད་བཞི་དང༌། རྨོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་ཆ་ཚང་དང། གོང་གསལ་དེ་ཐམས་ཅད་ཀྱི་རྒྱབ་རྟེན་དུ་རྒྱལ་བའི་བཀའ་གངས་ཅན་དུ་འགྱུར་རོ་ཅོག་གི་ལུང་དག་གསལ་སྙན་གསུམ་གྱི་སྒོ་ནས་གསན་པ་འདི་སྤྲུལ་པའི་གནྡྷོ་ལ་བཞུགས་པའི་རྒྱལ་ཡུམ་དམ་པ། ཆོས་རྗེ་བཅོ་བརྒྱད་མས་ས་བསྟན་རིན་པོ་ཆེ་ཐེབས་སུ་བསྐྲུན་པ་གསེར་ཆོས་འདི་ཐོག་ནས་དངོས་རྗེས་གསུམ་ཚང་བ་གསན་པ། རྡོ་རྗེ་འཆང་ཉིད་ཀྱི་བཀའ་ལས་མི་ལུས་ཙམ་པོ་ཐོབ་པ་གཅིག་ལ་དོན་ཡོད་པར་སོང་ཞེས་ཡང་ཡང་བཀའ་བསྩལ་པ་སོགས་དེ་རྣམས་གནས་གསར་རྡོ་རྗེ་འཆང་ལས་གསན་སྐོར་རྣམས་སོང༌། བྲག་རྩལ་རྡོ་རྗེ་འཆངབློ་གསལ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ལས། དབུ་མ་ལུགས་ཀྱི་སེམས་བསྐྱེད། བློ་