R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༩༩
[A:༩༩]སྦྱོང་དོན་བདུན་མའི་ཁྲིད། ཇོ་ལུགས་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྗེས་གནང༌། སྒྲོལ་ཆོག་ལུང་སྒྲོལ་དཀར་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་འོད་ཟེར་དྲུག་སྦྲགས་དཀར་ནག་གི་རྗེས་གནང༌། མན་ངག་ལུང་སོགས་བཅས་ཚང་མ། ཕྱག་དྲུག་མགོན་པོ་བཀའ་བཅུ་གསུམ། མགོན་པོ་སྙིང་བཞུགས་རྣམས་ཀྱི་རྗེས་གནང་ལུང་བཅས་དང༌། ཨ་ར་པ་ར་ཙི་ཏ། རྣམ་སྲས་དྲག་སྒྲུབ། མགོན་པོ་ཕྱག་བཞི་ལྷ་མང༌། སྟག་ཞོན་ལྷ་མོ། རྡོ་རྗེ་རབ་བརྟན་མ། དམག་ཟོར་མའི་ལས་གསུམ་རྣམ་བཞག་གཡའ་བཟང་བའི་གཟའ་བཅོས། ཕྱག་རྡོར་ཉི་མ་གདུང་གང་མའི་སྐོར། ཇོ་ནང་ལུགས་ཀྱི་ཁྲིད་བརྒྱ། ལུང་བསྐོར། བུ་སྟོན་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཀྱི་གསུང་ཐོར་བུ། མར་མའི་རྣམ་མགུར་སོགས་ཀྱི་ལུང༌། ཁྲོ་ཕུ་བརྒྱ་རྩ་ལས་ཡིག་སྣ་བརྒྱ་རེ་གཉིས་ཙམ་དང༌། རོང་སྟོན་གྱིས་ཡུམ་ལ་གནང་བའི་འཕོ་དམིགས། ཁ་རག་སྒོམ་ཆུང་བའི་ཨང་ཡིག་བདུན་བཅུ་པ། ཇོ་ནང་ཏ་ར་ན་ཐའི་སངས་རྒྱས་ཀྱི་མཛད་པ་བརྒྱ་ཉེར་ལྔ་པ། རྗེ་དགེ་འདུན་རྒྱ་མཚོའི་ཐུགས་ཆེན་སེམས་ཉིད་ངལ་གསོ་དང༌། ཚེམས་བུ་ལུགས་ཀྱི་དམར་ཁྲིད་སོགས་རབ་ཏུ་མང་བ་དང༌། རྙིང་མའི་སྐོར་ལ། སྨིན་གླིང་འདོད་འཇོ་བུམ་བཟང་གི་དབང་ལུང་ཚང་མ། བྱང་གཏེར་བྱིན་རླབས་ཐུགས་དབང༌། ཐུགས་སྒྲུབ་ཆོས་འཁོར་པོད་གཉིས་ཀྱི་ལུང༌། གཏེར་བདག་གླིང་པའི་ཟབ་གཏེར་ཚེ་སྒྲུབ། ཡང་སྙིང་ཀུན་བསྡུས་ཀྱི་དབང་ཁྲིད། ཆོས་སྐོར་པོད་ཀྱི་ལུང༌། ཡང་དེའི་ཟབ་གཏེར་གྲས་སྨིན་གླིང་རྡོར་སེམས་ཀྱི་