R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༠༠
[A:༡༠༠]དབང་དང་ཆོས་སྐོར་གྱི་ལུང༌། གཏེར་སྟོན་འཇའ་ཚོན་སྙིང་པོའི་ཡང་ཟབ། དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཁྲིད་གསུམ། ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ལ་སོགས་པ་སྔ་ཕྱིར་ཆོས་བཀའ་རྒྱ་ཆེར་གསན་པ་དེ་དག་གི་ནང་ནས་ཀྱང་སྔོན་དུས་གདུང་བརྒྱུད་རིམ་པར། ཆིག་བརྒྱུད་དང༌། དུས་ཕྱིས་ཁའུ་བྲག་རྫོང་པའི་ལུགས་སམ། ཚར་ལུགས་སུ་གྲགས་པའི་གསུང་ངག་སློབ་བཤད། ནཱ་རོ་མཁའ་སྤྱོད་དམར་པོ་སྐོར་གསུམ། མགོན་པོ་ཆེ་ཆུང་རྣམས་བདག་ཆེན་རྡོ་རྗེ་འཆང་སོགས་གོང་མ་དེ་རྣམས་སླར་ཡང་དངོས་ཕེབས་པ་ལྟ་བུས་ལྗགས་བཤད་ཕྱག་ལེན་ཞིབ་རྒྱས་དང་བཅས་བསྩལ། དེ་ཐམས་ཅད་ཀྱི་རྒྱབ་རྟེན་ལྷ་ཆེན་གནྡྷོ་ལའི་དྲི་གཙང་ཁང་ན་བཞུགས་པའི་གསེར་ཆོས་ཆེན་མོའི་སྟེང་ནས་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེ་ཡོངས་རྫོགས་ཀྱི་ལྗགས་ལུང་དག་གསལ་སྙན་གསུམ་གྱི་སྒོ་ནས་གསན། བྲག་རྩལ་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ལས། དབུ་མ་ལུགས་ཀྱི་སེམས་བསྐྱེད། བློ་སྦྱོང་དོན་བདུན་མའི་ཁྲིད། ཇོ་ལུགས་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྗེས་གནང༌། སྒྲོལ་ཆོག་ལུང༌། སྒྲོལ་དཀར་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་རྣམས་ཁྲིད་ལུང་སྐོར་བཅས་པ། ས་འཇམ་སྦགས་སྒྲུབ་བྱིན་རླབས། གཤེད་དམར་ལྷ་ལྔའི་དབང༌། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཚར་ལུགས་དང་ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས། སྔོན་འགྲོ་མཁའ་སྤྱོད་མའི་ཉམས་ཁྲིད། བེའུ་བུམ་གྱི་ལུང་དང༌། སློབ་བཤད་ལུགས་