[A:༡༠༡]ཀྱི་དགེས་རྡོར་ལམ་དབང༌། གུར་མགོན་གྱི་སྲུང་འཁོར། བྲག་རྫོང་མའི་ཕྱི་ཁྲིད། རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་གསང་ཁྲིད། མགོན་དཀར་ཚེ་ཁྲིད། བྲན་བདུད། གཙིར་བུ། ཞལ་སྒྲུབ་དུས་དུར་བདག་རྣམས་ཀྱི་རྗེས་གནང༌། རྒྱུད་པོད་ཀྱི་ལུང་སོགས་གསན། འདི་རྣམས་གནས་གསར་རྗེར་མ་གསན་འདྲ་སྙམ། ཚེ་དབང་ལྕགས་སྡོང་མ། ཚེ་རྟ་ཟུང་འབྲེལ། རྟ་མགྲིན་སྐྱེར་སྒང་ལུགས། གསེར་ཆོས་ཛམ་དམར། བེག་རྩེ་ལྕམ་སྲིང༌། རྣམ་སྲས་རིགས་ཅན་བཅོ་ལྔ་རྣམས་ཀྱི་རྗེས་གནང༌། རྣམ་སྲས་བེའུ་བུམ་པོད་གཉིས་ཀྱི་ལུང༌། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་གསུང་འབུམ་གྱི་ལུང་དང༌། གོང་དཀར་བ་རྗེ་བསོད་རྣམས་བློ་གྲོས་ལ་བདེ་མཆོག་དྲིལ་བུ་ལུགས་ཕྱི་དཀྱིལ་དང༌། ཡབ་ཆོས་དཔལ་ཆེན་ཡང་དག་ལྷ་དགུའི་དབང༌། ཀྱཻ་རྡོར་ཌོཾམྦྷི་ལུགས་ཀྱི་དབང༌། སྟོད་བུམ་ཞལ་སྟེགས་མ་ནས། གུར་མགོན་ལྷ་བཅུ་གཉིས་དང༌། ལྷ་གསུམ། དཔལ་མགོན་རྩེ་ཞལ་ཅན་རྣམས་ཀྱི་རྗེས་གནང༌། བརྡ་དོན་གསལ་བ་དང་སྒྲུབ་པ་ལུང་སྦྱིན་གྱི་བྱིན་རླབས་སོགས་གསན།
ངོར་ཨེ་ཝཾ་ཆེན་པོ་འཇམ་མགོན་སངས་རྒྱས་ཡེ་ཤེས་ལས། བྱ་རྒྱུད་ཚེ་དཔག་མེད་ལྷ་དགུའི་དབང་དང༌། རྣམ་འཇོམས་བ་རི་ལུགས། སྣར་ཐང་བརྒྱ་རྩའི་རྗེས་གནང༌། སྒྲུབ་སྐོར་གྱི་ལུང༌། བླ་མེད་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། སྒྲོལ་མ་བཙུན་མའི་དབང༌། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་ལུང་བཅས། འཇིགས་བྱེད་ས་ལུགས། གསང་འདུས་