[A:༡༠༢]འཇམ་པའི་རྡོ་རྗེ། བདེ་མཆོག་ལུ་ཧི་པ། བདེ་མཆོག་བོང་ཞལ་ཅན། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་མཉམ་སྦྱོར། སྤྱན་རས་གཟིགས་པདྨ་དྲྭ་བ་རྣམས་ཀྱི་དབང་ཆེན། ཚེ་དབང་གྲུབ་རྒྱལ་མ། ཆེ་སྒྲུབ་ཞག་བདུན་མའི་ལུང༌། དགེས་རྡོར་བཀའ་བབས་བཞི་ཡི་དབང་ཆེན། འཇམ་ནག་དང་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང༌། སྒྲུབ་དཀྱིལ་རྣམས་ཀྱི་ལུང༌། རྣལ་འབྱོར་རྒྱུད་རྡོར་དབྱིངས་ཀྱི་དབང་ཆེན། གྲུབ་ཐོབ་ཚེ་དབང༌། སྡེ་དགེ་པར་སྟེང་ནས་ས་སྐྱ་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་དང༌། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་གསུམ་གྱི་གསུང་འབུམ་གྱི་ལུང་གསན། གོང་དཀར་རྣམ་མཁྱེན་གྲོང་པ་ཆོས་དབང་རྒྱ་མཚོ་ལས་གཟུངས་གྲྭ་ལྔ་ལྷ་ལྔ་བཅུ་རྩ་བདུན་གྱི་དབང་ཆེན། སྒྲོལ་དཀར་བཀའ་བབ་དགུ་ལྡན་གོང་ལུགས་རྗེས་གནང༌། ཚེ་ཁྲིད་བཅས། བྱ་རྒྱུད་གཟའ་ཡུམ་ལྷ་བཅུ་བཞི། གདུགས་དཀར་ལྷ་ཉེར་བདུན། རྣལ་འབྱོར་རྒྱུད་རྡོ་རྗེ་རྩེ་མོ་དང༌། དཔལ་མཆོག་གཉིས་ཀྱི་དབང་ཆེན། གོང་གསལ་དེ་རྣམས་ཀྱི་སྒྲུབ་དཀྱིལ། ཀུན་རིག་གཞན་ཕན་མཐའ་ཡས། རྣམ་ཐར་དཔག་བསམ་རིན་ཆེན་གཏེར་མཛོད། རྡོ་རྗེ་ཕུར་པའི་མངོན་དཀྱིལ་སོགས་ཐོར་བུ་མང་པོའི་ལུང༌། བླ་མེད་ལ། གུར་རིགས་འདུས་ལྷ་བཞི་བཅུ་ཞེ་ལྔ། རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་དོན་ལྔ། འཇིགས་བྱེད་རོ་ལངས་བརྒྱད་སྐོར། འཇིགས་ཆེན་སྐྱོ་ལུགས་ལྷ་ཞེ་དགུ་མ་གོང་ལུགས་ལྷ་བཅུ་གསུམ་མ་རྣམས་ཀྱི་དབང་ཆེན། བླ་མ་