R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༠༣
[A:༡༠༣]དམ་པའི་ཡིག་སྟེང་ནས་དུས་འཁོར་བྱིས་འཇུག་གོང་མ་གོང་ཆེན་བདག་པོ་ཆེན་པོ་བཅས་ཀྱི་དབང་ཆེན་སོགས་གསན། ཁྱབ་བདག་ཞྭ་ལུ་པ་ཡེ་ཤེས་གྲགས་པ་དཔལ་བཟང་པོ་ལས། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་འཆི་མེད་རྔ་སྒྲ་ལྷ་དགུ་རྣམས་ཀྱི་དབང་ཆེན། དུས་འཁོར་རྩ་རྒྱུད། འགྲེལ་ཆེན་དྲི་མེད་འོད་དང༌། དུས་འཁོར་གྱི་སྒྲུབ་དཀྱིལ་བུ་སྟོན། སྦྱོར་དྲུག་བརྒྱུད་འདེབས། ཁྲིད་ཡིག་རྡོ་རྗེ་རྣལ་འབྱོར་གསལ་བ། གཅེར་མཐོང་ངོ་ཤེས་དབང་མདོར་བསྟན་གྱི་ཊཱི་ཀ དྲི་མེད་འོད་ཀྱི་ཊཱི་ཀ། བཤད་ཐབས་ངེས་དོན་སྙེམ། ལས་བརྒྱད། བརྒྱད་པའི་ལས་ཆོག རྩ་བརྒྱུད་ལས་གསུངས་པའི་ཕན་གནོད་དྲུག་ཅུ་པའི་སྦྱོར་བ། འདོད་པ་སུམ་ཅུ་རྩ་བཞིའི་ལྡེ་མིག ལྔ་བསྡུས་གཟའ་ལྔ། གཟའ་ལྔའི་མྱུར་རྩིས། གོ་ལ་རྣམ་བཞག དུས་སྦྱོར་གྱི་དྲིས་ལན་རྣམས་ཀྱི་ལུང་བཅས་གསན། ངོར་ཆེན་དཔལ་ལྡན་ཆོས་སྐྱོང་ལས། བྱ་རྒྱུད་ཛཱེ་ཏ་རིའི་ལུགས་ཀྱི་ཚེ་དཔག་ལྷ་དགུའི་དབང༌། རྗེས་གནང་སྐོར་ལ། གྲུབ་ཆེན་མི་ཏྲཱ་ཛོ་ཀི་ནས་བརྒྱུད་པའི་ཚེ་དཔག་མེད་དཀར་པོ། བ་རི་ལུགས་ཀྱི་རྣམ་འཇོམས། མི་གཡོ་བ་དཀར་སྔོན། ཀླུ་དབང་ལྷ་ལྔ། རྣམ་རྒྱལ་ལྷ་དགུ་སེང་ལྡེང་ནགས་སྒྲོལ་གཙོ་རྐྱང༌། ཕྱག་འཚལ་ཉེར་གཅིག་གྲས་ཞི་བ་ཆེན་པོ། སྒྲོལ་དཀར་བཀའ་བབ་དགུ་ལྡན། སྨེ་བརྩེགས་ལྗང་དུད་གཉིས། སེངྒེ་སྒྲ་རྣམས་ཀྱི་རྗེས་གནང༌། རྣལ་འབྱོར་རྒྱུད་ལ། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་གྱི་དབང༌། བླ་མེད་སྐོར་ལ། ཕྱག་རྡོར་