R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༠༤
[A:༡༠༤]ཨུཙྱ། འབྱུང་འདུལ། སེང་གདོང་སྔོན་དམར་གཉིས། ཁྱུང་ནག་ཁྱུང་ཁྲ་གསེར་ཆོས་དང༌། མན་ངག་ལུགས་གཉིས་རྣམས་ཀྱི་རྗེས་གནང༌། ཚེ་དབང་གྲུབ་རྒྱལ་མ། ཚེ་རྟ་ཟུང་འབྲེལ། ཚེ་དབང་ལྕགས་སྡོང་མ། རྟ་མགྲིན་གསང་སྒྲུབ་དང༌། བྱིན་རླབས། གཏུམ་པོ་ཁྱུང་ལྔའི་རྗེས་གནང༌། གུར་མགོན་ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད། ཁྲོ་བཅུ་རྣམས་ཀྱི་རྗེས་གནང༌། མགོན་དཀར་ཡིད་བཞིན་ནོར་བུ་དང༌། ཕྱག་དྲུག་ནག་པོ། བྲན་བདུད། ཞལ་བཞེས་བསྙེན་དུས། མགོན་པོ་ཏྲཀྴད་ལྕམ་དྲལ། ལེགས་ལྡན་སྟག་ཞོན་འཁོར་མང༌། བེག་རྩེ་ལྕམ་སྲེང༌། དུར་བདག་ལས་གཤིན་ལྷ་བཅུ་གསུམ་རྣམས་ཀྱི་རྗེས་གནང་གསན། ཡོངས་འཛིན་གོང་དཀར་བ་བསམ་གླིང་བཀྲ་ཤིས་དོན་གྲུབ་ལས། གདུགས་དཀར་ལྷ་ཉེར་བདུན་མའི་དབང་ཆེན། ངོར་མཁན་ཆེན་བསོད་བཟང་ལས། གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་ཚེ་དབང་དང༌། ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་མི་འགྱུར་རྒྱལ་མཚན་ལ། དགེས་རྡོར་སམ་བྷུ་ཊ་ནས་གསུངས་པའི་རྡོར་དབྱིངས་ལྷ་སུམ་ཅུ་རྩ་བདུན་གྱི་དབང་ཆེན་གསན། རྗེ་སེངྒེ་རྒྱལ་མཚན་ལ་གསང་འདུས་མི་བསྐྱོད་པ་དང༌། བདག་མེད་ལྷ་མོ་བཅོ་ལྔའི་དབང༌། བྲན་བདུད་རྗེས་གནང་བཅས་གསན། མུས་ཆེན་བསོད་ནམས་དཔལ་བཟང་ལས། པཎ་ཆེན་ཉི་ཟླ་སེངྒེའི་བཀའ་འབུམ་པོད་གཉིས་ཀྱི་ལུང༌། ལམ་སྦས་བཤད་ཀྱི་བྱིན་རླབས་སོགས་སོ།། གཞན་ཡང་གྲུབ་མཐའི་རིས་མེད་ཀྱི་འདྲེན་པ་དམ་པ་རྣམས་ལ་ཆོས་