R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༡༨
[A:༡༡༨]བེར་དམ་དུ་བཟུང་སྟེ། བདེ་ཀྱཻ་གསང་གསུམ། བདག་མེད་མ། མཁའ་སྤྱོད་མ་སོགས་གདན་ས་ཆེན་པོའི་ཚུགས་སྒྲུབ་མཆོད་རྣམས་ཀྱི་རྡོ་རྗེ་སློབ་དཔོན་ནར་མར་བཀའ་དྲིན་ཆེ་བའི་བར་འཚམས་རྣམས་སུ་དབང་བསྐུར། རྗེས་གནང༌། ལུང་སོགས་ཆོས་འཆད་ཀྱིས་དུས་འདའ་བཞིན་གནས། ས་ཟླ་སྟོབས་ཀྱི་མགོན་པོ་རྣལ་འབྱོར་དབང་ཕྱུག་གི་དུས་ཆེན་དང་བསྟུན་རྒྱུན་གྱི་བཟའ་བའི་དམ་ཚིག་བདུད་རྩི་རིལ་བུ་སྒྲུབ་པའི་སྔོན་དུ་ཀྱཻ་རྡོ་རྗེའི་ལྗགས་བསྙེན་ཁ་གསོ་བདུན་ཕྲག་དང༌། ཆིག་སྒྲུབ་ཐོག་མར་གནང་སྐབས་ཕྱེ་མ་དང་དེ་ནས་རིལ་བུ་འཕེལ་ཆེ་བ། མདོག་ལེགས་པ་རོ་བྲོ་བ་སོགས་མྱོང་གྲོལ་བདུད་རྩི་རིལ་བུ་ཞེས་མཚན་སྙན་དང་ལྡན་པ་བསྐྲུན་ཏེ་ཀུན་ངོ་མཚར་གྱི་དཔལ་ལ་འགོད་པ་མཛད། དབྱུག་ཟླའི་ཚེས་དགེ་བར་མགོན་ཁང་ཁག་བཞི་སོགས་འཕྲིན་བཅོལ་སྔོན་འགྲོ་མི་རིང་བ་རྗེ་རྡོ་རྗེ་འཆང་ཉིད་སྐུ་འཁོར་བཅས་པ་དབུས་ལྗོངས་དག་པའི་ཞིང་ཁམས་སུ། ཇོ་ཞལ་རྣམ་གཉིས་སོགས་ལ་མཆོད་ཅིང་བསྙེན་བཀུར་དང༌། བསྟན་འགྲོའི་ཕན་བདེ་དར་བའི་ཐུགས་སྨོན་མཚམས་སྦྱོར། གོང་ས་ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་བའི་དབང་པོ་མཆོག་སོགས་ལ་མཇལ་ཕྱག་ལེགས་སྐྱེས་བསྟར་བ་སོགས་ཀྱི་ཆེད་དུ་གདན་ས་ནས་དབྱུག་ཟླའི་ཡར་ཚེས་དགེ་བར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བཀྲ་ཤིས་དར་རྒྱས་ཀྱི་མཎྜལ་དུ་གསོལ་ཚལ། དགོན་རྒྱས་སུ་བཞུགས་ཞག་ནས་བཟུང༌། བར་ལམ་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་བཞིན་པར་གཞིས་རྩེར་བླ་བྲང་མཆོག་ནས། ཐབ་བསུ་ཇ་ཞུས། གཞིས་རྫོང་ངོ་མ་བཅས་ནས་ཆིབས་