[A:༡༢༤]བརྩམས་པའི་རྗེ་ཉིད་ཀྱི་བརྟན་བཞུགས་ནང་ནའང་དེ་བཞིན་འཁོད་ལགས། མགོ་ཟླའི་ཉི་ཤུར་ཁྲ་འབྲུག་དང༌། ཉེར་གཅིག་སྔ་དྲོར་གནས་གསར་རྡོ་རྗེ་འཆང་ཆེན་པོ་ཆིབས་བསུར་བྱོན་དུས་ནས་བཟུང་རྗེ་ཉིད་ཀྱི་རིགས་བདག་དེ་ཉིད་རྙེད་པར་གནང་བ་ཡིན་ཏེ། དེ་ཡང༌། འཇམ་མགོན་མཁྱེན་བརྩེ་དབང་ཕྱུག་རང་ལུགས་སྙན་བརྒྱུད་བསྟན་པ་རིན་པོ་ཆེའི་མངའ་བདག་ཡིན་པ་དང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་འཇམ་མགོན་ཨ་མེས་ཞབས་ཀྱིས་དབུ་བླར་མཛད་པ་དང༌། གནས་གསར་སྟོང་དཔོན་ས་སྐྱའི་སྐུ་ཉེ་ཡིན་པ་སོགས་སྒོ་དུ་མ་ནས་འབྲེལ་ལམ་ཆེ་བ་བཅས་དེ་དུས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་དགོངས་ལ། ཡབ་རྗེ་དེ་ཉིད་ཀྱི་གསུང་སྒྲོས་ཀྱི་ཟུར་ལ་ཡར་ཀླུངས་དཔོན་རིན་པོ་ཆེ་ཞེས་དགྱེས་ཉམས་མཛད་པ་དང༌། གཞན་ཡང་ཕྱོགས་ལྷུང་གི་གཏམ་ཡང་དུ་མ་གསན་པ་བཅས། དཔོན་རིན་པོ་ཆེ་དེ་བཟང་ངན་ཇི་འདྲ་ཡིན་ནམ་དགོངས་པ་ལས་མཐའ་གཅིག་ཏུ་ངེས་པའི་བཟང་ངན་མ་འཁྲུངས་ཤིང༌། དེ་གོང་གདན་ས་ནས་ཆིབས་མ་བསྒྱུར་གོང་དུ་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའི་མཚན་ཅན་གྱིས། ཡུམ་མཆོག་དང་མཛོད་འཛིན་པ་བཅས་ལ། ཡར་ཀླུངས་ཞབས་དྲུང་སྐུ་རུས་སྐུ་ཡོན་སོགས་གང་ས་ནས་དབུ་བླར་བཞེས་ཐུབ་པ་བྱུང་ན་ལེགས་ཚུལ་དང༌། རྗེས་སུ་ཕྱག་བྲིས་ཀྱི་བརྡ་སྦྱར་བ་ལ་བརྟེན་མཛོད་འཛིན་ནས་དེ་རྩིས་ཀྱི་སྙན་སྒྲོན་ཞུ་རྩི་བཅས། གང་ལྟར་ཁྲ་འབྲུག་ཏུ་ཞལ་འཛོམས་ཐོག་བླ་མ་སྐུ་ལྟ་བས་ཆོག་མི་ཤེས་ཤིང་གསུང་འཇམ་ཞིང་སྙན་པ་གཟིགས་པ་ཙམ་གྱིས་ཐུགས་དད་དབང་མེད་དུ་