[A:༡༢༣]རྣམས་ལ་མཆོད་འབུལ་སྙན་ཤལ་ཐུགས་སྨོན་རབ་ཏུ་གནས་པའི་མེ་ཏོག་འཐོར་གནང་བཅས་དང། ཆོས་སྐྱོང་ཆེན་པོར་དབུ་འཆིང་ཁྲབ་གདན་མདུང་རལ་གྲི་ཞགས་པ་རྣམས་དགྱེས་རྫས་སུ་བསྩལ་བས། རྣམ་བཞིའི་འཕྲིན་ལས་སྒྲུབ་པའི་ཞལ་བཞེས་ཀྱང་ཕུལ། དེ་དུས་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོ་རིན་ཆེན་མི་ཐོད་བརྒྱ་དང་བརྒྱད་ལས་གྲུབ་པ། རིན་ཆེན་སྣ་བདུན་འབུར་དོད་ཁྱད་མཚར་ཅན་གོང་མ་དེ་ཉིད་ཀྱི་སྐུ་ཚེ་རིལ་པོར་ཕྱག་བཅངས་གནང་ཞིང༌། བར་སྐབས་ལུམ་པ་བར་དད་རྟེན་དུ་འབྱོར་བས་དེས་རྨོར་ཆེན་རྡོ་རྗེ་འཆང་ལ་ཕུལ་པ་རིམ་གྱིས་བསམ་ཡས་སྐུ་རྟེན་པར་བྱུང་བ་དེ། རྗེ་རྡོ་རྗེ་འཆང་ཆེན་པོའི་ཕྱག་ཏུ་ཡར་ལམ་ཐར་རྩེ་རྡོ་རྗེ་འཆང་ལ་ཕུལ་བ་ད་ལྟ་ཐར་རྩེའི་ནང་རྟེན་གྲས་སུ་བཞུགས་པར་ཐོས་ལགས། གང་ལྟར་རབ་གྲྭ་འདུས་སྤྱི་སྒེར་སོ་སོ། སྐུ་བརྟེན་པ། རྫོང་དཔོན་སོགས་ཀྱིས་དངོས་འབྱོར་ཟད་མི་ཤེས་པ་དང་ཆབས་ཅིག་ཞབས་པད་ཡུན་བརྟན་གྱི་ཐ་ཚིག་ཞུ་བ་དང༌། ཚེས་བཅུའི་གར་འཆམ་གཟིགས་འབུལ། སྐྱ་སེར་བགྲང་ཡས་ལ་ཁྲོམ་དབང༌། ཨ་ར་པ་ཙ་ནའི་རྗེས་གནང༌། གཞན་ཡང་ཕུར་ཆུང་གཏོར་བསྔོ་སོགས་ཀྱི་ལྗགས་ལུང་བསྩལ་བ་སོགས་བསྟན་འགྲོའི་མཛད་སྒོ་རྣམས་གྲུབ་ནས། རིམ་གྱི་ཕེབས་པའི་ཚེ་རྩེ་ཐང་འབྲས་གླིང་དང་ཉེ་སྐོར་གྱི་རྡོ་ཞིག་ལ་བློ་གྲོས་ཆོས་ཀྱི་རྒྱལ་མཚན་ཞེས་པའི་ཡི་གེ་རང་བྱོན་དུ་བྱུང་བ་བཞིན། དེ་ལ་ཀུན་གྱི་རྗེ་རྡོ་རྗེ་འཆང་ཉིད་ལ་མཚན་དེ་བཞིན་དུ་གསོལ་བ་དང༌། རབ་འབྱམས་པ་མདོ་སྔགས་ཆོས་འཕེལ་གྱིས་