[A:༡༢༨]བསངས་རྒྱས་པའང་དེར་མཛད་དེ་ཆིབས་བསྐྱོད་ཀྱིས་གྲ་ཐང་དུ་གུར་གྱི་མཆོད་གར་དང༌། པུ་ཏྲ་རུ་འདྲེན་བཅས་ཀྱི་འཆམ་གཟིགས་འབུལ། འདུས་ཚོགས་ལ་ཨ་ར་པ་ཙ་ནའི་རྗེས་གནང་ཚེ་དབང་གོང་མ་ལྔ་བསྟོད་ཀྱི་ལྗགས་ལུང༌། བྱིངས་ལ་ཁྲོམ་དབང༌། བྱམས་གླིང་གནས་གཟིགས་སོགས་མཛད་ནས། བདུན་ཕུད་ཆོས་འཁོར་དུ་ཁྲོམ་དབང་དང༌། རྟ་མགྲིན་གསང་སྒྲུབ་རྗེས་གནང༌། འགའ་ཞིག་ལ་མགོན་པོ་ཁྲོ་བཅུའི་རྗེས་གནང་སོགས་སྤྱི་སྒོས་ཀྱི་རེ་བ་རྣམས་བསྐངས་ཏེ་རིམ་གྱིས་ར་བ་སྨད་རྣམ་པ་དང༌། གོང་དཀར་རྡོ་རྗེ་གདན་དུ་འཇམ་དཀར་དམར་སེར་ཛམ་དམར་སྲོག་སྒྲུབ་ལྷ་བརྒྱད་རྗེས་གནང་རྣམས་དང༌། རྟ་ཟླའི་ཚེས་གཅིག་ལྷ་བསངས། དེ་ནས་ཡོབ་ལ་བརྒྱུད་གཟིམ་ཕུག་སྟག་ཁུ་སྦེ་སྐྱེ་ཚལ་འོག་སོགས་ཐམས་ཅད་དུ་ཁྲོམ་དབང༌། སྟག་ཁུ་སྤེར་འཇམ་དབྱངས་དང་འབྱུང་འདུལ། སྦོས་སྐྱེད་དུ་འཇམ་དབྱངས་དང་མི་གཡོ་བ་དཀར་པོའི་རྗེས་གནང་རྣམས་ཀྱིས་སོ་སོའི་བློ་ཁ་རྫོགས་པ་མཛད། གམ་ལ་བརྒྱུད་ཐར་གླིང་རྒྱལ་རྩེ་སོགས་སུ་རང་རང་གི་འདོད་སྦྱར་དང་བསྟུན་པའི་མཇལ་ཕྱག་དངོས་འབུལ་བརྟན་བཞུགས་སྤྱི་སྒེར་ནས་བསྟར་བ་རྣམས་ཟབ་བཞེས་དང༌། ཐར་གླིང་འདུས་ཚོགས་ལ་འཇམ་དབྱངས་དང་མི་གཡོ་བའི་རྗེས་གནང༌། སྐྱ་སེར་མང་པོར་ཁྲོམ་དབང༌། རྒྱལ་རྩེར་ཡང་དེ་བཞིན་གྱིས་གུར་དང་འཇམ་དབྱངས་དམར་སེར་ས་པཎ་བླ་མའི་རྣལ་འབྱོར་འབྱུང་འདུལ་བླ་མ་མཆོད་ཆོག་རྣམས་དང༌། རྐྱང་འདུར་བདེ་ཅན་དང་ངོར་ཨེ་ཝཾ་ཆོས་ལྡན་དུའང་དེ་བཞིན། དགེ་སྡིངས་