[A:༡༤༡]བླ་བྲང་དབང་ཁང་མདར་བསྐང་ཕྲིན་ལ་ཐུགས་གཞོལ་བའི་སྒོ་ནས་སྲོད་ཆེན་ཐོག་གནང་བའི་ནུབ་མོ། འགག་པ་རབ་བརྟན་གྱི་རྨི་ལྟས་སུ། བཞི་ཐོག་རྩེའི་ཐོག་ཁའི་སྒོར་སྒོ་ལྕགས་བྱེད་རྒྱུ་ཡིན་བསམ་པ་ལ་མི་མགོ་རློན་པ་ཁྲག་འཛག་འགེལ་བཞིན་འདུག་པས་འཇིགས་སྣང་ཆེར་ཤར་བ་དང༌། སྒོ་རུམ་འཁོར་ཚོམས་སུ་སྡིར་ཆོམ་དུ་མས་ཚིག་གསལ་བ་ལ་གཡའ་གཡའ་ཟེར་བ་དང༌། དོན་ཆེན་ཟེར་བ་དེ་བླ་མ་ལྷ་ཁང་མདར་ཉལ་མ་ནུས་པར་གཞན་དུ་བྲོས་པ་སོགས་ཀྱི་ཚུལ་འདིའང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ལ་བསྟན་དགྲ་མ་རུངས་པས་འཚེ་བའི་སྐབས་ཤིག བྱས་འགྱུར་རྡོ་རྗེ་བྲག་རྫོང་ན་སློབ་དཔོན་འགས་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་སྒྲུབ་གནང་མུར་ཀྱེ་བོས་ཀྱི་བསྐུལ་ཚུགས་པ་དང་བསྟུན། ནུབ་ཕྱོགས་ཀྱི་ནམ་མཁར་མི་ནག་དུག་ལོང་ཅན་གཉིས་གྲོས་བྱེད་པའི་ཚུལ་གྱིས། ངེད་རང་ཚོ་ཐོག་མ་རིན་སྤུངས་ལ་ཕྱིན། དེ་ནས་ལྷ་ས་རྫོང་ལ་ཕྱིན་པ་དྲག་ཟེར་བ་ཞབས་འབྲིང་པ་གཉིས་ཀྱིས་མངོན་གསུམ་དུ་མཐོང་བ་དང་ཚུལ་མཚུངས་པས། ཞིང་བཅུ་ཚང་བའི་བསྟན་དགྲ་ཞིག་གི་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་འདྲེན་པར་མཛད་པ་ནི་གོར་མ་ཆག དེ་ནས་དུམ་ཙམ་ཞིག་ནས་མཁར་རྔ་སོར་མོ་བསྣུན་པ་ལྟ་བུའི་སྒྲ་ཞིག་བྱུང་ནས་སྡིེར་ཆོམ་རྣམས་ཡར་འོངས་ཏེ། དབུ་རྩེ་རྙིང་མའི་གསེར་ཕིབ་སྟེང་སོང་བ་འདྲ་མོ་ཞིག་བྱུང་བའི་སང་ཉིན་དབུ་རྩེའི་གསེར་ཕིབ་མཁར་ཡང་ཁྲག་རློན་འཐོར་རེ་བ་དང༌། འཁོར་ཚོམས་ལྷོ་འགྲམ་ལ་ཆེ་བ་རྟ་དང་ཆུང་བ་ར་ལུག་གི་རྨིག་རྗེས་འདྲ་མོ་གདན་ས་ལ་མང་