R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༤༢
[A:༡༤༢]དུ་བྱུང་བ་སོགས་ནི་ཀུན་གྱི་དགོངས་གསལ་ལྟར་ལགས། དེ་ནས་ཆུ་འབུམ། ཕ་སྒར། གོ་འཇོ་སོགས་ཀྱི་བླ་གཉེར་ཚོང་དཔོན་རྣམས་བཅས་ལ་ཚེ་དཔག་མེད། ཀུན་རིག གུར་དྲག་རྣམས་ཀྱི་དབང་བསྩལ་ཟིན་འཕྲལ། འདི་ཡིན་མེད་ཅིང་དོན་གྱིས་སྟོང་པའི་ཐུགས་སུན་འོ་བརྒྱལ་ཅན་ཞིག་ཐུགས་རྒྱུད་འཁྲུགས་བཞིན་དུ། དྲུག་ཅུ་པའི་ཟོར་འཛིན་སྔོན་འགྲོ་ལྗགས་བསྙེན་སྐབས་དངོས་ཉམས་ཀྱི་མཚན་ལྟས་དུ་མ་འཁྲུངས་ཚུལ་དང༌། དོངས་གཞི་ཟོར་འཛིན་གྱི་དུས་ཉིན་གཉིས་གསུམ་ལིངྒ་འཕར་ཞིང་ལིངྒའི་སྟེང་ལ་འཇའ་ཚོན་གྱི་མདངས་ཆགས་པ་སོགས་ལྷ་དབྱེ་འབུངས་ཆེ་དགོས་པའི་མཚན་མ་འཁྲུངས་ཤིང་དེ་མཚམས་ནས་བོད་དཔོན་སྐུ་མཆེད་དུས་ཟིར་ཇེ་གསལ་གྱིས་ཐམས་ཅད་ཡ་ང་བྱ་ཐབས་ཀྱིས་དབེན་པའི་འཇིགས་ཞུམ་ཟླ་སྦྲེལ་བྱུང་ཚུལ་གསུངས་པ་ནི་འདི་སྐབས་ཝང་དཱ་ལས་བོད་ཀྱི་སྲིད་སྐྱོང་བགྱིས་ཏེ་གོང་ས་ཐམས་ཅད་མཁྱེན་པ་སོགས་ཀྱི་བཀའ་བརྩི་འཇོག་མེད་པར་སྐྲུན་ཆེད་མངའ་རིས་གུང་ཚེ་ནོར་གཡོ་ཐབས་ཀྱིས་བསད་པ་སོགས་ངན་སྤྱོད་ཁོ་ནའི་དུས་འདས་སྐབས་ཡིན་འདུག་པ་སོགས་འདི་སྐོར་རྣམས་གདུང་རབས་ཀྱི་རྣམ་ཐར་གྱི་འཇམ་མགོན་གཅུང་རིན་པོ་ཆེའི་རྣམ་ཐར་སྐབས་ན་གསལ་བ་བཞིན་དང༌། མགོ་ཟླའི་བདེ་མཆོག་སྒྲུབ་མཆོད་གྲོལ་འཕྲལ་ཁལ་ཁ་བསྟན་དར་བླ་མར་ཀྱཻ་རྡོར་རྒྱུད་དབང་དང༌། རྗེ་བཙུན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་ཉིན་གཉིས་ལ་རྫོགས་པ་ཁྱད་འཕགས་མགོན་ཁང་དུ་ལྷ་བརྒྱད་ཀྱི་རྗེས་གནང་དེ་སྐབས་ཐོ་རེངས་སྔ་བ་ནས་བཟུང་སྒྲུབ་མཆོད་ཡན་ལ་རྡོ་རྗེ་གཞོན་ནུའི་བསྙེན་