R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A):
[A:༨]སྐྱེས་ཀྱང་ཡོན་ཏན་གྱིས་དབེན་པའི། །བདག་འདྲ་དྲག་ཤུལ་འཕྲིན་ལས་རིན་ཆེན་དང༌། །ནུ་བོ་ངག་དབང་ལྷུན་གྲུབ་རྒྱལ་མཚན་དང༌། །འདུལ་འཛིན་འཇམ་དབྱངས་ཐུབ་བསྟན་བཟང་པོ་དང༌། །གྲགས་པ་བློ་གྲོས་རྗེ་བཙུན་མཆེད་བཅས་རྣམས། །བདག་ལ་ལྷ་རིགས་ག་ཟི་རིགས་ཀྱི་བརྒྱུད། །འཆི་མེད་ཀུན་དགའ་སྒྲོལ་མ་དཔལ་ལྷ་མོ། །ཟུང་མར་བསྩལ་ལས་གདུང་སྲས་འཇམ་དཔལ་དབྱངས། །ངག་དབང་ཀུན་དགའ་རིན་ཆེན་དཔལ་བཟང་དང༌། །གཅུང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཟུང༌། །རྗེ་བཙུན་མཆེད་དང་བདག་མོ་ཞལ་བོན་གྱི། །སྲས་མོ་བསྟན་འཛིན་བུ་ཁྲིད་འདི་རྣམས་ལས། །གདུང་རྒྱུད་ཆད་མེད་ཆུ་ཀླུང་རྒྱུན་བཞིན་དུ། །གེགས་མེད་བྱོན་ནས་འཕྲིན་ལས་རྣམ་བཞི་ཡིས། །བསྟན་སྲིད་ཡར་ཟླའི་དཔལ་ལྟར་རྒྱས་གྱུར་ཅིག