R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༤༤
[A:༡༤༤]རྒྱ་ཆེར་འཇོ་བར་མཛད་ནས། ནག་ཟླའི་ནང་འཇམ་དབྱངས་གཟི་འོད་འབར་བའི་ཞབས་མཐིལ་ལ་ལྗགས་ལྡག་མཛད་པའི་མུར་སྐུའི་གཡོན་འཁྲིས་དེ་ན་འཕགས་པ་ཀླུ་སྒྲུབ་དང༌། ཞི་བ་ལྷའི་སྣམ་སྦྱར་བརྩེགས་པ་ཞིག་གཟིགས་པ་དང༌། འཇམ་མགོན་ཨ་མེས་ཞབས་ཀྱིས་ལན་གསུམ་གྱི་བར་དུ་ཞལ་བསྟན་ཏེ་རྗེས་སུ་བཟུང༌། སྣྲོན་ཟླར་ཆོས་རྗེ་དཔའ་ལྡན་ཆོས་སྐྱོང་གི་དབོན་པོར་ཚེ་དབང་གྲུབ་རྒྱལ་མ་དང༌། ལྕགས་ཁུ་རིན་གླིང་བླ་མ། ཐུབ་བསྟན་མཁན་ཟུར་བཅས་ལ་ཚེ་རྟ་ཟུང་འབྲེལ་གྱི་དབང་བསྩལ་ཞིང༌། ཟླ་མཇུག་ནས་ཆུ་སྟོད་ཚེས་འགོ་བར་ཡང་བསྐྱར་གཞིས་རྩེ་ཆིབས་བསྒྱུར་ཐེངས་གཉིས་པའི་སྐབས་བཀྲ་ཤིས་བདེ་ལེགས་སུ་བཞུགས་སྒར་གྱི་ཚེའང༌། སྒོ་དུ་མ་ནས་འཇིགས་ཤིང་ཉམ་ང་བ་ཞིག་མཆིས་ནའང༌། བསླུ་མེད་ལས་འབྲས་ཀྱི་རྟེན་འབྲེལ་དང༌། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་རྗེས་ཐུགས་བསྐྱེད་ཕྲིན་ལས་ལས་ཤར་བའི་མཐུན་འགྱུར་གྱི་རོལ་མོ་འཁྲོལ་བ་སོགས་གསུངས་པ་ནི་འདི་སྐབས་གོང་ནས་ཨམ་བན་གཉིས་ལ་བཀའ་ཕེབས་ཏེ་ཝང་དཱ་ལས་རྐྱེན་ལམ་དུ་བཏང་སྟེ། རིང་མིན་གོང་ས་ཐམས་ཅད་མཁྱེན་པ་མཆོག་ནས་ཆོས་སྲིད་གཉིས་ཆར་འགན་བཞེས་ཀྱིས། བཀའ་བློན་དུ་རྡོ་རིང་གུང་པཎྜི་ཏ་དང༌། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲིད་གཅོད་ཚེ་བརྟན། ཛ་སག་བླ་མ་ཉི་མ་རྒྱལ་མཚན་བཅས་གསར་བསྐོས་ཀྱིས་ཞབས་པད་བཞིར་གྲགས་པའི་ཐོག་མ་བྱུང་བ་བཅས། བོད་འབངས་ཚང་མ་བདེ་སྐྱིད་ལ་སྤྱོད་སྐབས་ཀྱི་དུས་དེ་ཡིན་འདུག རིམ་གྱིས་གདན་ས་ཆེན་པོར་ལེགས་པར་