R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༥༣
[A:༡༥༣]མ་དར་ཚོན་གྱིས་བརྒྱན་པ་ཞིག་རྗེ་ཉིད་ལ་ཕྱག་འཚལ་སྔོན་འགྲོའི་སྒོ་ནས་ཕུལ་བའི་མུར། ཀ་གདོང་གི་གཏོར་སྒོམ་དེ་ཞལ་བྱང་ལ་བསྟན་ནས་གཏོར་མ་བཞེངས་རྒྱུ་ཡིན་དགོངས་པ་ཞིག་དང༌། ཡང་སྐབས་ཤིག་གསེར་གྱི་རྡོ་རྗེ་གཉིས་ཕྱག་ཏུ་འབུལ་མཁན་ཞིག་འཁྲུངས་པ་རྣམས་ཀྱི་འབྲས་བུ་མངོན་གྱུར་ཀུན་གྱིས་སྤྱོད་ཡུལ་དུ་གྱུར་པ་འདི་བཞིན་དང༌། སྨིན་ཟླའི་བཅུ་གསུམ་ལ་བདག་མོ་ཕེབས་པའི་སྟོན་མོ་གཞས་སོགས་གཟབ་འཆོར་དང༌། ཁྱད་པར་གོང་ས་རིན་པོ་ཆེས་གཟིམ་འགག་འོད་འཇོ་སྐུ་ཚབ་ཏུ་ཆེད་མངགས་ཀྱིས་ལེགས་པོ་ཚད་མེད་བསྩལ་པ་སོགས་གཞིས་བྱེས་མཐའ་དག་ནས་རྟེན་འབྲེལ་གྱི་སྒོ་བརྒྱ་ཕྱེ་བར་མཛད་སྐབས་ཅུང་ཟད་འཚུབས་ཉམས་ཀྱི་རྟགས་འགའ་ཞིག་ཀྱང་བྱུང༌། དེ་ནས་གཞུང་ཞབས་མཆོག་ནས་ཞོལ་ཁང་ཆོས་མཛད་ཆེད་མངགས་ཀྱིས་ཞག་ཤས་གསུང་བསྙད་ཉིན་གང་ཚོམས་ཆེན་དུ་མཛད་པའི་དབུ་དང༌། མདོས་ཆུང་མདོས་ཆེན་སོགས་གང་གི་བཀའ་ཡིས་འཇམ་མགོན་གཅུང་དམ་པར་ལེགས་པར་འདོམས་སོ།། དགུང་གྲངས་ཉེར་ལྔར་ཕེབས་པ་ཆུ་བྱ་རྟ་ཟླའི་ཚེས་གཅིག་ལ་རླུང་ཆེན་ཚད་མེད་བྱུང་བ་བལ་ཡུལ་ནས་གཞན་ལ་མེད་འཇུག་བྱས་པར་གླེང་ཞིང་དེ་ནས་མང་མཁར་གནས་གསར་བས་འཆམ་གཟིགས་འབུལ་དང༌། ཚེས་དྲུག་ནས་བཟུང་ཡོངས་རྫོགས་བསྟན་པ་རིན་ཆེའི་ཉམས་ལེན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འཇིགས་བྲལ་སྟོབས་ཀྱི་མགོན་པོ་དཔལ་ལྡན་བིརྺ་པ་ཉིད་ལ་ཡེ་ཤེས་ཀྱི་མཁའ་འགྲོས་དངོས་སུ་