R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༥༦
[A:༡༥༦]གཅུང་གནས་གསར་ཞལ་དཀར་རྗེ་དྲུང་ཆོས་སྡེ་ཉི་ཟླ་ཟུང་གི་དགེ་འདུན་ཁ་ཤས་ལ་འཁོར་ལོ་བདེ་མཆོག་ལུ་ནག་དྲིལ་བུ་གསུམ་གྱི་དབང་ཆེན་སོགས་འགའ་ཞིག་ལ་སྒྲུབ་ཐབས་རྒྱ་མཚོ་གྲགས་པའི་རྗེས་གནང་ཚང་མ་ལུང་སོགས་ཆོས་བཀའ་རྒྱ་ཆེར་འཇོ་བར་མཛད། དེའི་སྔོན་སོག་པོ་ཆིང་ཅུང་གི་མི་སྣ་སོགས་སྔར་བླ་མེད་དབང་གི་སྨིན་པ་རྣམས་ལ་དཔལ་ས་སྐྱའི་གསེར་ཆོས་བཅུ་གསུམ་སོགས་རྒྱ་ཆེར་བསྩལ་ཏེ་མཐར་འཇམ་མགོན་གནས་གསར་བ་ཉིད་དབུས་ཕྱོགས་ལ་ཆིབས་བསྒྱུར་སྐབས་རྗེ་རྡོ་རྗེ་འཆང་ཉིད་ཐུགས་འཕྲེང་ཡང་བྱུང་ཚུལ་གསུངས་པ་ནི་གནས་གསར་བ་ཉིད་གདན་ས་འདིར་རྗེས་ཕེབས་ཀྱི་སྐབས་སོ།། དགུང་གྲངས་ཉེར་དྲུག་ཏུ་ཕེབས་པ་ཤིང་ཁྱིའི་དཔྱིད་ཀྱི་ཆོས་གྲྭ་ལྷ་བྱང་སོགས་སྐལ་ལྡན་མང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་ཐེངས་གཉིས་པ་སྩོལ་སྐབས་གསུང་ངག་སྔོན་མར་མ་གནང་བའི་དབང་ལུང་རྗེས་གནང་སོགས་མཛད་པའི་རྣམ་གྲངས་རྣམ་ཐར་ཆེན་མོ་བཞིན། གཞན་ཡང་རྣམ་ཐར་འདི་སྟོད་སྨད་བར་གསུམ་དུ་གསུངས་པའི་དབང་ལུང་ཁྲིད་གསུམ་སྣང་ཚུལ་རྣམས་མདོར་བསྡུས་ལས་ཞིབ་པར་རྟོགས་པར་འདོད་ན་རྣམ་ཐར་ཆེན་མོ་ལས་ཤེས་པར་བྱའོ། །དེ་ནས་གོང་སྨོས་བཞིན་འབུམ་ཐང་གཙུག་ལག་ཁང་ཕྱི་ནང་གཅོང་ཟོམ་ཅན་ལ་བླ་མ་གོང་མ་དུ་མས་ཉམས་གསོ་ཉེན་ཀ་སོགས་རྒྱུན་ཆགས་སུ་མཛད་ཀྱང་གཏན་བརླིང་ཁེལ་བ་མ་བྱུང་བའི་སྟབས། རྟེན་བརྟེན་པར་བཅས་ཡོངས་རྗོགས་གསར་བསྐྲུན་གྱིས། རྙིང་