[A:༡༥༧]པ་གྱར་ཟེགས་ཕྲན་བུ་ཙམ་ཡང་མེད་པ་ལྟ་བུར་བཀས་འདོམས་ཟིན་པ། གནམ་ས་བར་གསུམ་མཛེས་བྱེད་མཆོད་ཚོགས་ཀྱིས་ཕྱུར་བུར་བཀང་བ་རྣམས་ཀྱི་ཆར་གཞི་ཧ་ལམ་གྲུབ་དུས་གང་གི་ཡུམ་མཆོག་དམ་པ་ཉིད་སྙུན་བཞེས་ཀྱི་མུ་དང༌། ས་གའི་གསང་འདུས་སྒྲུབ་མཆོད་ཐོག་གསེར་ཅན་གྲྭ་སྐོར་བ་བཅུ་ལྷག་དང༌། དེའི་བླ་མ་དཔོན་གཡོག་སོགས་ལ་འདོད་འབྲས་བཞིན་གསང་འདུས་མི་བསྐྱོད་པའི་དབང་དང༌། ཁམས་པ་གྲྭ་རྒྱུན་བསྙེན་མཚམས་པ་བདུན་ཙམ་ལ་ལྷ་བརྒྱད་རྗེས་གནང༌། སྣྲོན་ཟླའི་ནང་སྒྲུབ་མཆོད་ཐོག་ཆོས་གྲྭ་ལྷོའི་དབྱར་ཆོས་པ་རྣམས་དང༌། གསེར་ཅན་གྲྭ་སྐོར་བ། མུས་པ་བཅས་ལ་འཁོར་ལོ་སྡོམ་པ་ནག་པོ་པའི་དབང་ཚར་གསུམ་དང༌། ཡབ་རྗེའི་དགོངས་རྗོགས་ཀྱེཻ་རྡོར་སྒྲུབ་མཆོད་ཐོག་གདོང་དགའ་ཆོས་སྡེ་བ་སོགས་སྐལ་ལྡན་གྱི་སྐྱེ་ཕོ་མོ་མང་པོ་དང༌། ས་སྟོད་གཞིས་གཉེར། གཡང་ཆོས་རྒྱལ་སྲས། གཉའ་ནང་པ་དཔོན་གཡོག་སོགས་མི་གྲངས་བརྒྱ་དང་བརྒྱ་ཕྱེད་ལ་ཀྱཻ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་ཚར་དྲུག་དང། ཡང་གདོང་དགའ་བ་ཕལ་ཆེར་དང་ཆོས་སྡེ་བྱང་པ་འགའ་ཞིག་བཅས་བདུན་རེ་ཁྲོ་བཅུའི་རྗེས་གནང་ཚར་གསུམ། གྲོ་བཞིན་ཕུར་སྒྲུབ་ཐོག་ཕོ་བྲང་ན་བཞུགས་ཤིང༌། ཕུར་སྒྲུབ་སྐབས་སྔ་ཕྱི་སྣ་ཚོགས་སུ་འབུམ་ཐང་གཟུངས་ཞུགས་འོད་ཟེར་དྲི་མེད་དེའི་དཀྱིལ་ཆོག་གྲངས་གསོག་གི་སྒྲུབ་པར་མཛད་པ་དང༌། སྐབས་འགར་བཞི་ཐོག་ཏུ་ཕེབས་ཏེ་རྒྱལ་ཡུམ་དམ་པའི་རྐྱེན་སེལ་ལ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཐུགས་གཞོལ་བའི་སྐབས། ཡུམ་གྱི་གསུང་ལས། དོ་ནུབ་