R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༥༨
[A:༡༥༨]བཞི་ཐོག་ཏུ་བཞུགས་ལ་སང་ཉིན་ཚོགས་དུང་བྱུང་བསྟུན་བྱོན་ཅིག་གསུངས་པ་བཞིན་མཛད་ནས་སང་ཉིན་ཕེབས་ཁར་ཡུམ་གྱི་སྐུ་དྲུང་དུ་བྱོན་གསུངས་པ་ལྟར་ཕེབས་པར། ཡུམ་གྱི་གསུང་ལས། ད་ལམ་བདག་ནད་འདིའི་ཁ་ནས་ཐར་བ་ཞིག་མི་ཡོང་བས། དེས་ན་ཉིད་རང་ནི་སྐུ་ན་དར་བབ་ལུགས་གཉིས་ལ་མཁྱེན་རླབས་རྒྱས་པ་སོགས་བློ་ཀྱོག་མ་དགོས། འོན་ཀྱང་བསྟན་འགྲོའི་མཛད་པར་ཐུགས་བརྩོན་ཆེ་གཤིས་སྐུ་འཁྲུགས་མ་བྱུང་བར་མཛོད། གཅུང་པོ་འདི་ཐུགས་སེམས་ཆུང་ལ་སྐུ་གཅོང་ཆེ་ཞིང་ཞབས་འདེབས་མ་ཐུགས་གྱོང་བ་སོགས་འོ་བརྒྱལ་རང་བྱུང་དོགས་དང༌། སྐུ་ཚེའང་ཧ་ཅང་རིང་བ་ཞིག་མ་བྱུང་དོགས་པས། ནམ་བཞུགས་བར་སྐུ་མཆེད་ད་ལྟ་བཞིན་ཐུགས་མཐུན་པ་དང་དབུ་འདོན་ཡང་དག་མཛོད། གཞན་ཡང་རྗེ་བཙུན་དྲུང་རྣམས་དང་ཞབས་ཕྱི་སོགས་ལ་ཞལ་མངག་དུ་མ་མཛད་མཐར། རྒན་མོ་ང་འདས་ཤུལ་གང་མཛད་ནའང་ཉིད་རང་ནས་མཁྱེན་པས་དེས་མ་འཐུས་པ་གང་ཡང་ཞུ་རྒྱུ་མེད་གསུང་མ་ཐག་རྗེ་ཉིད་ཀྱི་ཐུགས་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་གསལ་འདེབས་ལྟ་བུར་འཁྲུངས་པའི་མུར་དར་ཙམ་མཉམ་པར་བཞག་རྗེས། གསུང་ལན་དུ། ད་དུང་སྐུ་རིམ་འཕྲོད་བཞེས་སོགས་ཡང་དག་ཞུ་བས་ཡར་སྐྱེད་བཞེས་ཐུབ་ཙམ་ཨེ་ཡོང༌། ཅི་སྟེ་ཇི་གསུང་བཞིན་ཐོག་བབ་ཤར་ཚེ་གང་ཅིའི་ཞལ་ཆེམས་འགྱོད་མེད་ཞུ། གསུངས་པས་ཡུམ་མཆོག་ཉིད་ཐུགས་དགྱེས་པ་རབ་ཀྱི་རྩེར་སོན། དེ་ནས་ཕུར་སྒྲུབ་རིང་དང་ཁྲུམས་ཟླའི་བཅུ་གསུམ་བར་རེས་འཇོག་གིས་དེ་ཉིན་དབང་ཁང་ན་དཔལ་