R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༦༧
[A:༡༦༧]མཆོད། །ཕྱེང་སྒྲོལ་དྲུག་ཅུ་རེ་དགུ་སྐུ་ཚེའི་ཚད། །གསུངས་པ་བྱུང་ཡང་སྐྱེ་འགྲོའི་བསོད་ནམས་ངན་པའི་སྣོད་དུ་སེང་དཀར་གྱི་འོ་མ་བཞིན་དེ་བས་སོ། །མགོ་ཟླའི་ཉེར་གཉིས་ལ་ས་སྐྱར་འཆི་མེད་བུ་ཁྲིད་དམ། ཆོས་མཚན་འཆི་མེད་བསྟན་པའི་ཉི་མ་འདི་ཉིད་སྐུ་བལྟམས་པའི་ཚུལ་གཉེར་དཔོན་བགྲེས་པོས་བསམ་ཡས་སུ་ཡི་གེའི་བརྡ་སྦྱར་རོ།། དགུངས་གྲངས་ཉེར་བརྒྱད་དུ་ཕེབས་པ་མེ་བྱི་ཤར་འཕྲལ་བྲག་ཁ་རྫོང་དུ་བདུན་དང་རྩེ་ཐང་འབྲས་གླིང་དུ་བཞུགས་ཞག་གཉིས། དེར་ཁྲོམ་དབང་ལྗགས་ལུང་སོགས་བསྩལ། དེ་སྐབས་རྩེ་ཐང་འབྲས་གླིང་ནས་གྲྭ་པ་ཞིག་ལ་དྲེགས་བྱེད་ཡིན་ཁུལ་ཁོག་ཏུ་བརླམས་ཚུལ་ལ། རྗེ་ཉིད་ཀྱི་གསུངས་ལས། དེ་སྐབས་ངེད་ཀྱིས་སྔར་མེད་ཀྱི་སྲོལ་གསར་མི་དགོས་བྱས་པས། ཁོ་པ་ཚིག་ཟའི་ཞེ་ནག་གིས་ངེད་ཀྱི་ནུ་བོ་དེ་འདས་ཀྱང་གནོད་འཁྱོལ་ཚུལ་ངོ་སོ་བྱེད་པ་དང༌། གཞན་ཡང་འབྲས་གླིང་བར་མི་ཤེས་པ་གང་བྱུང་ཡང་ཁོ་པས་ཡིན་ཚུལ་དང༌། རྩེ་ཐང་ལུང་སྤྱིར་ཡང་ཆར་པ་བསྲུང་ཚུལ་སོགས་བྱས་ཤིང༌། ལུས་གཡར་ཁོ་རང་ནས་ཀྱང་གྲྭ་ཚང་དཀྲུགས་ཤིང་ཁོ་ན་བྱེད་པ་སོགས་ཞིང་བཅུ་ཚང་བའི་ལས་ལ་མཐུ་རྩལ་ཡིན་པའི་ཁ་སོ་བཏོན་སྐད་འདུག་པས། དགྲ་བགེགས་ངོ་མཚར་ཅན་ཤཱཀྱའི་བསྟན་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཡིན་པ་ལ་ནི་ཐེ་ཚོམ་མི་འདུག བཟང་ངན་གང་ཡིན་ནའང་ཡིན་དུ་ཆུག རང་རང་གི་ཐོག་ཏུ་རྣམ་སྨིན་ཁུར་ནས་འགྲོ་དགོས་ཡིན་འདུག་གོ་ཞེས་ཐུགས་འུར་ཉམས་དང་བཅས་གསུངས། དེ་ནས་ཁྲ་འབྲུག་དང་སང་