R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༦༩
[A:༡༦༩]མོ་སོགས་མཛད་པ་ནི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་དེ་ཉིད་དངོས་མཇལ་གྱི་ཐ་མལ་རང་ཡིན་ལགས། དེ་ནས་སྒེར་པར་གྲུབ་ཐོབ་ཚེ་དབང་ཞིག་བསྩལ་བ་དེའི་ཚེ་སྒེར་ཡུམ་འདས་པའི་ཞེ་དགུ་འཛིན་སྐབས་བཅས་གཤེགས་བཞུགས་ཚང་མར་བབས་འབྲེལ་ཡང་དག་དང༌། དེ་ནས་ཕེབས་སྐབས་ཐལ་རླུང་ཁོ་ན་དང་སྒེར་པའི་ཡབ་ལ་ཤངས་ཁྲག་བྱུང་བ་སོགས་འཚུབ་ཉམས་ཤར་བ་ནི་སླར་འབྱུང་གི་མཚན་མ་དང༌། དེ་ནས་རིམ་བཞིན་ཆིབས་བསྒྱུར་ཏེ། བྱེད་ཚོགས་པར་རྒྱུད་དབང་ཚར་གཉིས། སྨིན་གླིང་དུ་ཚེ་དཔག་མེད་ལྷ་དགུའི་དབང༌། གྲྭ་ཐང་དུ་རྒྱུད་དབང་སོགས་དང་ཁྲོམ་དབང༌། འགར་ཚང་དང་བདུན་ཕུད། བདུན་ཕུད་ཆོས་འཁོར་ཀུན་རིག་དབང་ཚར་བཞི་སོགས་དང༌། གཞན་ཡང་ཟུར་མཁར། རྡོར་བྲག་རིག་འཛིན་ཆེན་པོ་སྐལ་བཟང་དབང་ཕྱུག་དེའི་གྲྭ་ཚང་དང་རྨོར་དགོན། ར་བ་སྨད། རྣམ་རབ། གོང་དཀར་རྡོ་རྗེ་གདན་ཞེ་རེ་སྐྱེ་ཚལ། ཡང་རྩེ་ལེགས་གླིང་པ། དཔའ་དེའུ། ཡར་འབྲོག་ཐར་གླིང༌། དགའ་ལྡན་སྤྲུལ་སྐུ། འོམ་ཐང་གོང་དང༌། ར་ལུང༌། ཀླུ་མོ་གདོང་དང་སྟོད་ཐུབ། དཔེ་སྟོན་དང༌། ནས་ལུང་བདེ་སྐྱིད་འོད་འབར། རློགས་དང་མདོ་ལྕང་ཁར། དེ་ནས་ཨ་དྲུང་སྐྱེད་ཚལ་འོག་པ་ནམ་ཀླུ་ལྡིང༌། པད་ཚལ་ཁྱུང་རམ་ཁྱུང་རྒྱབ། རྒྱན་གོང་ཞྭ་ལུ་རི་སྦུག་རྣམས་སུ་ཆིབས་བསྒྱུར་ཏེ། ས་དགོན་རྣམས་སུ་ཀྱཻ་རྡོར་རྒྱུད་དབང༌། ཕུར་དབང་། ཀུན་རིག་རྣམས་ཀྱི་དབང་ལན་གྲངས་དུ་མ། གུར་ལྷ་བརྒྱད་སོགས་ཆོས་སྲུང་དང༌། རྗེས་གནང་ཟུར་བཀའི་གྲས་