R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༧༠
[A:༡༧༠]དུ་མ། བསྐང་བ་ཆོས་སྤྱོད་རིགས་རྡོ་རྗེ་འཆང་ཉིད་ཀྱི་གསུང་རྩོམ་མང་པོའི་ལྗགས་ལུང་གནས་མཆོད། བསྙེན་བཀུར་མང་འགྱེད་གྱ་ནོམ་པ་སྟོབ་པ་སྐྱེ་བོའི་བགྲངས་ཡས་ལ་གྲུབ་རྒྱལ་མ་སོགས་ཀྱི་ཁྲོམ་དབང༌། རིས་མེད་ཀྱི་བླ་གྲྭ་རྫོང་དཔོན་སོགས་ལ་ཚེ་དབང་། རྟ་མགྲིན་སོགས་ཀྱི་རྗེས་གནང་སོགས་སྐལ་ལྡན་གྱི་གདུལ་བྱ་དུ་མ་ཡང་དག་ལམ་ལ་འགོད་བཞིན་པར། ལྕགས་དང་ངོར་ཨེ་ཝཾ་ཆོས་ལྡན་དུ་ཁྲོམ་དབང༌། ཚོགས་ཆེན་ལ་རྣམ་རྒྱལ་རྗེས་གནང༌། ཐར་རྩེ་ཁང་གསར། ཀླུ་ལྡིང་སོགས་ལ། མཁའ་སྤྱོད་མའི་བྱིན་རླབས་སོགས་བསྩལ་ནས། དེ་སྐབས་འགྲོ་མགོན་འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་ཐུབ་པའི་དབང་པོའི་དངུལ་སྐུ་མཐོང་བ་དོན་ལྡན་འདི་ཉིད་ཕྱག་ཏུ་སོན་ཚུལ་ནི། རྗེ་ཉིད་ཀྱི་གསུང་ལས། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་དངུལ་སྐུ་ཁྱད་འཕགས་འདི་མེ་བྱི་ཟླ་བ་བཞི་པ་སྔོན་མའི་ཚེས་བདུན་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཉིན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རྟེན་བརྟེན་པར་བཅས་སྤྱི་དང༌། ཁྱད་པར་ཐར་རྩེ་རྡོ་རྗེ་འཆང་ཆེན་པོའི་ནང་རྟེན་དངུལ་གདུང་རིན་པོ་ཆེ་ལ་ཀྱཻ་རྡོ་རྗེའི་རབ་གནས་འབྲིང་པོ་ཕུལ་བའི་ཆོ་ག་གྲུབ་ནས་གླིང་ཁང་དུ་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གིས་ཁོ་བོ་མཆེད་འཁོར་བཅས་ལ། དགའ་སྟོན་རྒྱ་ཆེར་སྩོལ་བའི་ཐོག། སྐུ་འདྲ་རིན་པོ་ཆེ་འདི་ལོ་རྒྱུས་དང་བཅས་གསོལ་རས་སུ་གནང་བ་དང༌། ཐར་རྩེར་སླེབས་སྐབས་དཔོན་རིན་པོ་ཆེ་དཔོན་གཡོག་རྣམས་ནས་སྒྲོལ་དཀར་གྱི་བརྟན་བཞུགས་གནང་བ་