R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༧༤
[A:༡༧༤]མཛད་རྗེས་སུ་མདོས་འཕྲིན་འཆོལ་ནང་སོ་གྲུབ་ནས་རྟ་མགྲིན་ཡང་གསང་གི་སྒྲུབ་པ་མཛད་པའི་སྐབས། ས་སྐྱ་ཚོགས་ཀྱི་དར་ཆེན་ལ་རླུང་གནོན་སྒྲོག་ཐག་འདོགས་མི་ཐང་དུ་ལྷུང་ནས་ཚེའི་དུས་བྱས་པར་ཚང་མ་ཡ་ང་ཞིང་རྣམ་རྟོག་ཟ་བ་ཞིག་བྱུང་བ་དེ་བཞིན་རྗེས་སུ་དགོངས་ཚེ། མེ་གླང་ལོའི་དཔྱིད་རྒྱལ་དབང་རིན་པོ་ཆེ་དང་དབྱར་འཇམ་མགོན་གཅུང་དམ་པ་ཉིད་ཞིང་བརྗེ་བའི་ལྟས་སུ་ངོས་འཛིན་མཛད་པ་བཞིན་དོན་ལའང་དེ་ལྟར་དུ་འཁུམས་སོ།། དགུང་གྲངས་ཉེར་དགུ་ཕེབས་པ་མེ་གླང་རྒྱལ་ཟླའི་ནང་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་རྒྱུན་ཚ་རྣམས་ལ། ཞལ་དཀར་ངག་དབང་ལགས་ནས་དབུ་རྩེར་རབ་གནས་བརྒྱ་ཚར་མཛད་སྐབས། ཉིན་གཅིག་འཇམ་དབྱངས་གཟི་འོད་འབར་བའི་སྤྱན་གཉིས་ནས་ཆབ་ཟེགས་མ་ཞིག་བྱུང་ཞིང༌། རྟ་ཟླའི་ནང་ངོར་པས་འཇིགས་བྱེད་དྲུག་ཅུ་པ་དང༌། གོང་དཀར་དཔོན་སློབ་རིན་པོ་ཆེ་ནས་ཀྱང་གཏོར་བཟློག་མང་དུ་གནང་མུའི་དབོ་ཟླའི་ཚེས་བཞིར་གོང་ས་རྒྱལ་བ་རིན་པོ་ཆེ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་དགོངས་རྫོགས་འབུལ་བར་མཛོད་འཛིན་ལྷ་སར་ཕེབས་ཤིང༌། རྗེ་ཉིད་ནས་དགོངས་རྫོགས་སུ་བདེ་ཀྱཻ་གསང་གསུམ་སོགས་ཀྱི་སྒྲུབ་མཆོད་གནང༌། དེའི་ཚེ་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་ཞབས་འབམ་གྱི་སྙུན་ལྕི་མོས་ངོར་དུ་ཁྱོགས་ལ་གདན་འདྲེན་མཛད་རྗེས། གཟའ་སྐར་ལེགས་འཛོམས་ནས་མུས་ཆེན་སེམས་པ་ཆེན་པོའི་ཐུགས་དམ་མ་རས་བྲིས་ཚེ་དཀྱིལ་ཞལ་ཕྱེ་ནས་ཚེ་དཔག་ལྷ་དགུའི་སྒྲུབ་མཆོད་བརྒྱ་ཚར་གྱི་དབུ་ཚུགས་མཛད། དེ་དུས་ཟླ་སྐེད་ཙམ་ལ། གང་