R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༧༥
[A:༡༧༥]ནས་འོང་མེད་པའི་བུད་མེད་སྤྲུལ་གཟུགས་འདྲ་བ་ལུང་པ་དུ་མའི་མི་ནོར་ངོ་ཤེས་བ་ཞིག་བྱུང་བ་ནི་དུས་རྟགས་ལྟ་བུ་ཡིན་འདྲ་གསུངས། མཛོད་འཛིན་གདན་སར་འབྱོན་ཉེར་འཇམ་མགོན་གཅུང་དམ་པ་ཉིད་ལ་ཆབ་བསགས་ཀྱི་འགོོ་ཟུག་དང་དབྱེ་ཚོགས་སྐུ་རྟེན་པའང་འབྱོར། དེ་སྔོན་ནས་བླ་མ་དམ་པ་དུ་མ་དང་ཆོས་སྐྱོང་འགའ་ཞིག་གི་ལུང༌། གཞན་ཡང་མོ་རྩིས་སོགས་ལ་བབས་པའི་ཚེ་དབང་རྗེ་གནང་སོགས་ཚང་མ་རྗེ་རྡོ་རྗེ་འཆང་ཉིད་ནས་མཛད་པ་དང༌། མཉམ་དུ་ཚེ་ཆོག གཏོར་མ། བཀའ་བསྟན་གསུང་སྒྲོགས། མདོས་གཏོར་བཟློག། བསྐང་བ། སྦྱིན་སྲེག སཙྪ་སོགས་སྐུ་རིམ་སྒྲུབ་འོས་ཀུན་ཆོས་སྡེ་ཉི་ཟླ་ཟུང༌། ངོར་ཆོས་ལྷུན། ཞ་ལུ་སོགས་སུ་མཛད་ཅིང༌། གཞན་ཡང་རྩིས་བོན་ནས་འབྱུང་བའི་གཏོ་བཅོས་སོགས་གང་འཚམ་མཛད་སྐབས་ཤིག རྗེ་ཉིད་ལྷ་ཁང་རྩེར་ཕེབས་ཏེ་བྱེས་ཚོགས་སྐུ་རྟེན་པར་སྐུ་གསོལ་ཐོག་ལུང་ཞུ་ནན་ཏན་མཛད་པ་ལུང་དོན་རྦོད་གཏོང་གི་ཆོ་འཕྲུལ་ཡིན་ཚུལ་དང༌། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གི་གསུང་བཞིན་བགྱིས་པ་འཐུས་ཚུལ་དང༌། ཕད་བུར་ལྕགས་སླང་སོགས་བཅུག་པ་ཞིག་ཞགས་པས་བཅིངས་ཏེ། བྲག་ཆུང་གི་རིར་གནོན་ལ་དེའི་ཁར་མཆོད་རྟེན་བྱིན་ཅན་ཞོག་ཅེས་དང༌། ཡང་ནམ་མཁར་ཡུལ་གྱིས་གཟིགས་ཏེ་ལམ་གྱི་བཞི་མདོར་ལྷ་བབས་མཆོད་རྟེན་བཞེངས། མ་འོངས་པ་མཁྱེན་པའི་ལྷ་བབས་མཆོད་རྟེན་བཞེངས་དགོས་དང༌། གཟིམ་ཆུང་གཙོ་བོའི་ཤར་ལྷོ་རྒྱལ་མཚན་དཀར་པོ་འཛུགས་དགོས་སོགས་དང་རྗེ་རྡོ་རྗེ་འཆང་རང་ཉིད་