R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༨༠
[A:༡༨༠]སྐོར་རྗེ་ཉིད་ཀྱི་ཞལ་སྒོ་ལས་བྱོན་པའི་གདུང་རབས་ཞལ་སྐོང་བཞིན་དང༌། དེའི་ཚེ་གཞུང་ཞབས་རིན་པོ་ཆེ། སྡེ་དགེ་ས་སྐྱོང་དྲག་ཞན་དུ་མ། ཞལ་ངོ་སོ་སོ། ཆོས་སྡེ་ཉི་ཟླ་ཟུང་སོགས་དགོན་སྡེ་མང་པོ། ཕྱག་གཉེར་དྲུང་གྲས། བླ་གཉེར་ཆོས་གཞིས་མི་སེར་སོགས་ཀྱིས་ཕྲ་རྒྱན་གསེར་དངུལ་ཟངས་སོགས་མང་པོའི་ཞབས་འདེགས་ཕུལ། ནག་ཟླ་ནས་བཟུང་རྗེ་རྡོ་རྗེ་འཛིན་ཉིད་ཀྱིས་རྣམ་རྒྱལ་སྟོང་མཆོད་ཇི་སོང་བ་གསོག་གནང་སྐབས། གཏེར་སྟོན་རིག་འཛིན་ཚེ་དབང་བཀྲ་ཤིས་ཀྱིས། དེའི་གཏེར་ཆོས་ཞིག་གི་ལུང་བསྟན་ལས། ས་སྐྱ་བོའི་ནང་གི་ཀུན་དགའ་མིངཿ རྐྱེན་བར་ཆད་དམ་སེལ་དོགས་ཟོན་ཟབཿ ལྷ་ཕུར་པ་བསྒྲུབས་ན་མཆོག་ཏུ་ཤིསཿ རྐྱེན་དེ་གྲོལ་བོད་ཁམས་ཕན་བདེ་སྤེལཿ ཞེས་སོགས་ཀྱི་ལུང་དང་ཨོ་རྒྱན་པདྨའི་ཚེ་ཆུ་ངོ་མ་ལོ་རྒྱུས་བཅས་སྩོལ་བ་བཞེས་ཤིང༌། དེ་དང་ཆབས་ཅིག་རྣམ་རྒྱལ་གྱི་སྐུ་གཟུངས་འབུམ་ཐེར་བཞུགས་པའི་རྣམ་རྒྱལ་མཆོད་རྟེན་བཞི་བཞེངས་དགོས་ཚུལ་བཞིན། ངོ་མཚར་རྟེན་བཞིའི་གྲས་རྣམ་རྒྱལ་སྐུ་འབུམ་གྱི་བྱང་ངོས་མཆོད་རྟེན་འདི་བཞི་བཞེངས་གནང་དང༌། བརྒྱ་དཔོན་བཀྲ་ཤིས་འོད་ཟེར་ནས་རབ་གནས་བརྒྱ་ཚར་མཛད། ཆུ་སྟོད་ཟླ་ནང་ནས་བཟུང་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་བྱོན་ཆེད་དུ་གཟུངས་གྲྭ་ལྔའི་སྒྲུབ་མཆོད་བརྒྱ་ཚར་མཛད་པའི་ཆོ་ག་རེར་གཙོ་མོའི་སྔགས་ཉིས་བརྒྱ་ཉེར་གཅིག་དང་ལྷ་མོ་བཞིའི་སྔགས་ཞེ་གཉིས་རེ། འཁོར་སྔགས་ཉེར་གཅིག་རེ་བཅས་བསྟུན་བདག་མོར་དབང་བསྐུར་བརྒྱ་ཚར་མཛད་མུའི་ཟླ་ནང་དེར། རི་ཁྲོད་མའི་བུམ་