[A:༡༧༩]དྲུང་དུ་བསླབ་སྡོམ་ལས་ཉམས་པ་དང༌། སླར་བླང་དུ་མེད་པ་སོགས་ཉེས་པ་མི་འབྱུང་བའི་ཆེད་དུ། སྔགས་འཆང་ཆེན་པོ་དང༌། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པ་ཇི་ལྟ་བ་བཞིན་དམ་ཆོས་འདུལ་བ་ནས་བཤད་པ་ལྟར་བསླབ་པ་འབུལ་ཆོག་ཚུལ་བཞིན་དུ་མཛད་ནས་སྟོན་མཇུག་གཟའ་སྐར་ལེགས་འཛོམས་ཐོག་ཆོས་ལུང་རྒྱལ་པོའི་སྲས་མོ་བཞོན་པ་ཕུན་ཚོགས་ཚེ་རིང་དེ་ཉིད་གསང་རྒྱ་འཛོལ་མེད་དུ་པདྨ་འདམ་ན་གནས་ཀྱང་འདམ་གྱིས་མ་གོས་པ་བཞིན་དུ་ཁབ་བཞེས་མཛད། མགོ་ཟླ་ནས་བཟུང་རྗེ་ཉིད་ཀྱི་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་འབྱོན་སྐུ་རིམ་དུ། གདུགས་དཀར་ཉེར་བདུན་མའི་སྒྲུབ་མཆོད་བརྒྱ་ཚར་གྲངས་གསོག་དང༌། བདག་མོར་རྒྱུ་དབང་དང་ཚེ་དཔག་ལྷ་དགུའི་དབང༌། སྒྲོལ་མ་ཉེར་གཅིག་སོགས་རྗེས་གནང་ཁ་ཤས། ཁྱད་པར་སོ་སོ་འབྲང་མའི་རྗེས་གནང་བརྒྱ་ཚར་རྣམས་མཛད་པ་ནས་བཟུང་རྗེ་བཙུན་ས་སྐྱ་པའི་གདུང་རྒྱུད་རིན་པོ་ཆེ་མ་འོངས་སྲིད་མཐའི་བར་དུ་འབྱོན་པའི་ཆེད་ཁོ་ནར་གནང་བའི་མཛད་པ་གཅིག་པུར་བལྟས་ཀྱང་སྐུ་ཚེ་ཧྲིལ་པོ་འཁྱོལ་བ་དང་འདྲ་བ་ལགས་སོ།།
དགུང་གྲངས་སུམ་ཅུར་ཕེབས་པ་ས་སྟག་དཔྱིད་འགོ་ལ་གོང་བཞིན་གྱིས་བླ་མ་ཡི་དམ་སོགས་ཀྱི་སྐུ་པར་རྣམས་དང༌། རྗེ་རྡོ་རྗེ་འཆང་ཉིད་ནས་སྐུ་པར་སྟོང་དུ་ཉེ་བ། མཆོད་བརྒྱ་མཆོད་དགུ་སྡོམ་ཉིས་བརྒྱ་སྐོར་འདེབས་པར་མཛད། རྟ་ཟླ་ནས་མཆོད་སྡོང་གི་ཟངས་དངུལ་གསེར་ཕྲ་རྒྱན་སོགས་བཟོ་གྲྭའི་བཀའ་འདོམས་མཛད་པའི་ཟངས་དངུལ་གསེར་ཕྲ་རྒྱན་