R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༨༢
[A:༡༨༢]ཚུལ་འདི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ལྷའི་གཙོ་བོ་ཟུང་ནས་གསེར་གྱི་འཁོར་ལོ་དང་དུང་དཀར་པོ་ཕུལ་བ་སོགས་དང་མཚུངས་པར་སེམས་ཤིང༌། དེའི་ཚེ་དཔོན་ལ་དགེ་བསྙེན་གྱི་སྡོམ་པ་ཕོག་སྟེ་ཀུན་དགའ་རྒྱལ་མཚན་དུ་མིང་འདོགས་མཛད། དཔོན་དེས་ཞབས་བརྟན་གསུང་རྩོམ་ཞུས་པར། བྱོན་དང་འབྱོན་འགྱུར་གྱི་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་འགྱུར་མེད་གཡུང་དྲུང་གནང་ནས་རེ་ཞིག་ཚོགས་འདོན་མ་མཛད་པར་སླར་ཆུ་ལུག་ནས་གནང་ཆོག་བྱུང་བའང་མ་འོངས་མངོན་མཁྱེན་གྱི་རྟེན་འབྲེལ་བླ་མེད་དུ་སྒྲིག་པར་མཛད་པར་གོར་མ་ཆག དེ་ནས་གསེར་དངུལ་སོགས་ཀྱི་གཡོགས་མ་གྲུབ་པའི་ཤིང་འབུམ་དེ་ཉིད་ལ། ཐུབ་བསྟན་ལྷ་ཆེན་གྱི་མཁན་རབས་ཉེར་བཞི་པ་བརྩོན་འགྲུས་ཡེ་ཤེས་ཀྱིས་ཀྱཻ་རྡོར་རབ་གནས་འབྲིང་པོ་བརྒྱ་ཁ་ཡར་དང༌། མགོ་ཟླ་ནས་རྗེ་རྡོ་རྗེ་འཛིན་ཉིད་ཀྱིས་གཤེད་དམར་སྒྲུབ་མཆོད་བརྒྱ་ཚར་གྱི་དབུ་ཚུགས་པར་མཛད་དོ། ། དགུང་གྲངས་སོ་གཅིག་ཏུ་ཕེབས་པ་ས་ཡོས་དཔྱིད། གསེར་སྐུ་རྡོ་རྗེ་འཆང་གི་བཟོ་གྲྭ་དང་རིམ་གྱིས་གསེར་ཟངས་གཡོགས་རྣམས་མཛད་མུའི་དབོ་ཟླ་ནས། གོང་གི་གཤེད་དམར་སྒྲུབ་མཆོད་འཕྲོ་ས་ག་ཙམ་ལ་གྲོལ་བར་མཛད་པའི་དངོས་ཆོག་བརྒྱད་དང་དགུ་ལ་གཙོ་བོའི་ཉེ་སྙིང་འབུམ་ཆིག་ཁྲི་བདུན་སྟོང་ཆིག་བརྒྱ་ང་གཉིས། གཙོ་བོའི་སྙིང་པོ་རྩ་སྔགས་ཡུམ་དང་འཁོར་སྔགས་རྣམས་ཆིག་ཁྲི་སུམ་སྟོང་ཆིག་བརྒྱ་ང་གཉིས་རེ་རྣམས་ལྗགས་