R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༨༥
[A:༡༨༥]འདི་རྣམས་ལགས། དེ་མཚམས་ནས་དབུས་ཀྱི་ཆོས་སྐྱོང་ཁག་གི་ལུང་བསྟན་ལས། རུ་མཚོན་མང་པོ་དགོས་ཚུལ་བཞིན་ནང་སོ་དུས་མཆོད་དགའ་ལྡན་སྨུག་ཆུང་རྣམས་ཀྱི་ནང་དང༌། བསམ་གླིང་མགོན་ཁང་སྟེང་བཅས་སུ་སོ་སོའི་ཐུགས་ཆོག་གསར་སྒྲིག་ལྟར་འཛུགས་པ་མཛད། ཡང་སྤྱན་ལྟས་ཤིག་ལ་རྟག་འཚེར་གངས་མཆོད་དགོས་ཚུལ་འཁྲུངས་པ་ཡང་དེ་བཞིན་གསར་སྒྲིག་མཛད་ཐོག སྣྲོན་ཟླའི་ནང་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་འཕེལ་རྒྱས་འབྱུང་ཕྱིར་དུས་མཆོད་དུ། ཟང་ཚ་བསོད་ནམས་རྒྱལ་མཚན་དང་བཟང་པོ་དཔལ་ཟུང་གི་སྨན་སྐུ་རིང་བསྲེལ་རྣམ་བཞིའི་གང་བུར་བསྐྲུན་ཏེ་ཇི་སྲིད་འཁོར་བ་མ་སྟོངས་བར་དུ་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་རྒྱུན་མི་འཆད་པར་འབྱོན་པའི་ཐུགས་བསྐྱེད་བླ་ན་མེད་པ་དང་བཅས་བླ་བྲང་གོ་བཞི་ལས། གདུང་རབས་རིན་པོ་ཆེའི་འབྱུང་ཁུངས་སུ་གྱུར་པ་དུས་མཆོད་འདི་ཉིད་དུ་བཞུགས་སུ་གསོལ། ཟླ་ནང་དེར་མགོན་ཁང་ཁག་བཞི་དང་དངོས་གྲུབ་གླིང་རྣམས་སུ་རྗེ་ཉིད་ནས་བདུན་ཕྲག་རེའི་རིང་སྔ་དྲོ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བདག་མདུན་བུམ་བཟླས་རྣམས་དང༌། དེའི་རྒྱས་པའི་སྦྱིན་སྲེག ཕྱི་དྲོ་ཆོས་སྐྱོང་སོ་སོའི་བསྐང་ཕྲིན་བཅས་དཔལ་གྱི་ཞལ་ཟས་རེ་འདོད་དོན་རྣམས་འགྲུབ་པར་གཏའ་མ་བཟུང་གནང་གིས། སྐྱེད་ལྷས་སུ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྐུ་བསྟོད་གསར་བསྒྲིག་མཛད་པ་དང་བསྟུན། ཀུན་དགའ་ཚེ་རིང་སོགས་ཁ་ཤས་སྐུ་འབུམ་རྣམ་རྒྱལ་ལ་མཆོད་འབུལ་གྱི་སྒྲོ་བཏགས་ཏེ། སླར་ཡང་གསང་རྒྱའི་ཐོག་ཆོས་