R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༨༨
[A:༡༨༨]བསོད་ནམས་རྩེ་མོ་དང༌། ཆོས་རྗེ་ཁུ་དབོན། ཨ་མེས་ཞབས་སོགས་ཀྱི་དུས་ཆེན་མགོ་ཟླ་བའི་ཚེས་བཅུ་གཉིས་ཞབས་བསྐོར་ལ་ཕེབས། གདོང་མཆོད་སྡོང་གི་དྲུང་དུ་ཕུལ་ཞིང་ཐུགས་སྨོན་རྒྱལ་སྲས་ཀུན་ཏུ་བཟང་པོའི་རྗེས་འགྲོའི་མཚམས་སྦྱོར་ཡང་མཛད། དེ་ནས་བཞི་ཐོག་ཏུ་གསང་རྒྱ་འཛོལ་མེད་དུ་ཕེབས་ནས་གཟིམ་ཕུག་སྤྲུལ་སྐུ། ལྕང་སྐྱའི་སྐུ་ཚ། ཞྭ་ལུ་མཁན་པོ། སྐྱོ་མདའ་བླ་མ་འཇམ་དབྱངས་ཀུན་དགའ་བསྟན་འཛིན་བཟང་པོ་བཅས་པར་གསང་འདུས་འཇམ་རྡོར། ནྭ་རོ་མཁའ་སྤྱོད་བཅས་དང༌། ཡང་གཟིམ་སྤྲུལ། སྡེ་དགེ་བླ་མ་སངས་རྒྱས་བཟང་པོ། བསོད་ནམས་རྒྱལ་མཚན། འདམ་བླ་མ་བསྟན་ཡར། སངས་རྒྱས་དབང་ཕྱུག སྡེ་དགེ་ཆོག་དཔོན་ཀུན་དགའ་འཕྲིན་ལས། སྐྱོང་མདའ་བླ་མ་རྣམས་ལ་གདུགས་དཀར་གཉིས། དྲི་མེད་རྣམ་གཉིས་སོགས་དབང་ཆེན་བཅུ་ཕྲག་ལྔ་དང༌། མཁའ་སྤྱོད་སྐོར་གསུམ་བྱིན་རླབས། དམར་པོ་སྐོར་གསུམ་དང༌། རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང༌། ཆོས་སྲུང་རྗེས་གནང༌། ཟུར་བཀའ་བཅུ་གཅིག འཇིགས་བྱེད་རྭ་ལུགས་བཅུ་གསུམ་མའི་དབང་ཁྲིད་ལས་གཤིན་སྐོར་གྱི་རྗེས་གནང་བཅས་ཆོས་སྐོར་ཚང་མ་ལྗགས་ལུང་སྐོར་ཡང་བསྩལ། གཤེད་དམར་ལྷ་ལྔའི་དབང་ལུང་བཅས། གནས་གསར་རྗེ་ནས་སྡེ་དགེ་ཆོག་དབོན་ལ་ཆོས་བཀའ་རྒྱ་ཆེར་བསྩལ་དགོས་ཀྱི་བཀའ་བཞིན་དུ། ལས་ཅན་གྱི་ཞལ་སློབ་གཞན་དག་ཀྱང་རྗེས་སུ་བཟུང༌། འཇིགས་བྱེད་རྭ་འཁྲིད་དུས་ངོ་མཚར་འདི་ལྟར་མཐོང་སྟེ། དེའི་འབྲས་བུ་རྡོར་འཛིན་གྱི་