R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༩༠
[A:༡༩༠]གོང་སྨོས་བཞིན་ཆག་མེད་བཞིས་མཚོན་ཉིན་ཞག་ཕྲུགས་རེའི་སྒོམ་སྒྲུབ་ཉེར་བདུན་ཙམ་མཛད་པ་རྣམས་ཇེ་རྒྱས་སུ་གཏོང་བར་མཛད་པ་དང༌། དེ་ལོ་མགོན་པོའི་ཆོས་སྐོར་མཁན་ཆེན་ཆོས་བཀྲ་ཤིས་སོགས་ཞལ་སློབ་འགའ་ཞིག་ལ་སྩོལ་བའི་ཚེ། ཁྱབ་བདག་དགོན་གསར་བ་ཆེན་པོ་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྗེ་ཉིད་ལ་དབུགས་དབྱུང་གཟེགས་བསྟོད་དང་བཅས་པ་ས་སྐྱ་བའི་གདུང་རབས་འབྱོན་པར་ལུང་བསྟན་པ་དང༌། སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་སྦ་སྡེར་ལ་ལྕགས་དཀྲོལ་ར་མ་ལུག་གི་རྒྱན་བཏབ་པ་ཞིག་ཏུ་གསོལ་ཇ་དྲོན་མོ་བསྩལ་བ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་མནལ་ལམ་དུ་འཁྲུངས་ཚེ་མགོན་དེས་མཛད་པའི་པོད་ཆེན་དྲུག་གི་འགྲེལ་པར་ལྗགས་ལུང་ཞུ་འདོད་ཀྱིས་གླེགས་བམ་རྣམས་མྱུར་པོ་བཞེས་སྐབས་མཁན་ཆེན་དེ་གར་ཕེབས་མི་སྣང་བ་ཞིག་འཁྲུངས་ཤིང༌། ས་གར་མི་འཁུགས་པའི་དབང་གྲུབ་ཕྲལ་གསང་རྒྱ་གྲོལ་ལེགས་འབུལ་དང༌། མི་རིང་བར་སྨན་ཆབ་ལ་ཕེབས་སྐབས་མ་མོ་ཆུ་གྱོང་བའི་ཁར། ཉིན་གཅིག་ཆབ་སྟེང་དུ་སྦྲུལ་ཞིག་ལ་སྙིང་རྗེ་ཀུན་ནས་བསླངས་ཏེ་ལྗགས་ཕུ་མཛད་པའི་རྐྱེན་གྱིས་ཞབས་མཐེབ་ལ་ཟུག་གཟེར་འཁྲུངས་བས་བླ་སྨན་རྒྱལ་ཚེ་རིང་ནས་དྲག་ཡིན་ཚུལ་ཞུས། ཇེ་ལོད་ཀྱིས་མར་ལམ་སྐྱེད་ལྷས་མགོན་ཁང་ལ་ཕེབས་མ་བདེ། སྒང་མ་ཁར་ཡུམ་མཆོག་ནས་དབུ་མཐིང་བཞེས་སྐབས་ཆིབས་བཤོལ་བའི་ཚེ། ཞབས་ནད་སང་དེངས་སུ་གྱུར་པས་ཞབས་ཕྱི་ཀུན་དེ་གར་ཧ་ལས། སྐྱེ་ཕོ་མོ་གླུ་གཞས་ཀྱིས་མདུན་བསུས། གདན་སར་ཕེབས་པས་ཞབས་སྐྱོན་