R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༩༤
[A:༡༩༤]སྩོལ་བ་སོགས་མཐའ་ཡས་པ་ཞིག་འཁྲུངས་པ་ནི། འཁྲུལ་ཟད་རྗེ་བཙུན་གོང་མ་རྣམས་ཀྱི་རྣམ་ཐར་ཁོ་ན་སྟེ། ས་སྐྱ་པ་ཆེན་པོར་འཇམ་པའི་དབྱངས་གཙོ་འཁོར། རྣམ་འབྱོར་དབང་ཕྱུག ཞང་སྟོན་ཆོས་འབར་སོགས་དང༌། འཇམ་མགོན་བླ་མར། སྲིད་པ་ཀུན་ཏུ་ལེགས་པར་སྦྱངས་པས་ན། །རྨི་ལམ་ན་ཡང་ཆོས་ཀྱི་སྒོ་རྣམས་ཀུན། །དགེ་བའི་བཤེས་ཀྱིས་དངོས་སུ་འདོམས་པར་མཛད། །ཅེས་སོགས་མང་དུ་གསུངས་པ་བཞིན་དམ་པའི་ཁྱད་ཆོས་ཤ་སྟག་གོ །དེ་ནས་དབྱུག་ཟླའི་ཚེས་བཅུར་འབུམ་ཐང་ས་པཎ་ཕྱི་རྟེན་ཉམས་གསོ་གསར་སྐྲུན་ལྟ་བུ་མཛད་ནས་རྗེ་ཉིད་ཀྱི་རྒྱུན་གྱི་ཕྱག་ཚ་ལྔ་སྟོང་བཞི་བརྒྱ་དོན་བདུན་སོགས་ནང་གཟུངས་གྲངས་མང་བཅས་བྱིན་རླབས་ཀྱི་གཟི་བྱིན་འཕྲོ་བར་མཛད། མགོ་ཟླའི་བདེ་མཆོག་སྒྲུབ་མཆོད་ཐོག་ཚོགས་ཡོངས་ལ་ཌཱ་མ་རུ། ནང་མཆོད། ཐོད་སྣོད་གསར་བསྐྲུན་རྣམས་སྦྱོར་འཇགས་ཀྱིས་སྒྲུབ་མཆོད་དང་དུས་མདོས་སོགས་ཀྱི་ཚོགས་དབུར་ཕེབས་པའི་སྐབས་སོ།། དགུང་གྲངས་སོ་གསུམ་དུ་ཕེབས་པ་ལྕགས་སྦྲུལ་རྒྱལ་ཟླའི་ཚེས་གཉིས་ནས་བཟུང་འདི་ཡིན་མེད་པའི་སྙུན་གཞི་ཐུ་བ་ཞིག་བཞེས་པ་ལ། ནུབ་གཅིག་གཟིམ་ཤར་གྱི་གནམ་ས་བར་གསུམ་ལི་ཁྲིར་གཟིགས་པས། ད་རང་སྐུ་ཚེ་འཕོ་རྒྱུ་ཡིན་འདྲ་དགོངས་པའང་འཁྲུངས་མོད། སྨན་བཅོས་རིམ་གྲོ་དང་ཐུགས་དམ་ཟབ་མོའི་མཐུ་ལ་བརྟེན་རྟ་ཟླའི་མཇུག་ནས་རིམ་དེངས་ཀྱི་ཚུལ་བཞེས་མུར། གཟིམ་ཤར་མགོན་ཁང་དུ་ཞལ་གྱི་དམ་ཚིག་བསྐང་གསོ་མཛད་པས་སྐུ་ལུས་སོར་ཆུད། དེ་ནས་རྡོར་བྲག་རིག་འཛིན་ཆེན་པོས་ལུང་