R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༩༩
[A:༡༩༩]མཛད་དོ།། དགུང་གྲངས་སོ་བཞིར་བྱོན་པ་ཆུ་རྟ་དབོ་ཟླའི་ནང་གདུང་རབས་མྱུར་འབྱོན་ཆེད་དུ་རྗེ་ཉིད་ནས་ཁྱད་བྱང་མགོན་ཁང་དུ། གཏོར་བསྔོ་ཆེན་མོའི་ནང་གི་ཆོས་སྐྱོང་ཚང་མར་གཏོར་བརྒྱ་རྩ་གསོག་གནང་དུས། གོང་གི་ཕྱག་ཕྲེང་དེ་མཛད་ཆོག་བྱུང་བས། ཕྱག་མཛོད་འཇམ་དཔལ་གྱིས་ཕུལ་ཡང་དོན་ལ་གནས་གསར་རྡོ་རྗེ་འཆང་དེ་ཉིད་ཀྱི་གདུང་རབས་མྱུར་བྱོན་རྟེན་འབྲེལ་བསྒྲིགས་སམ་སྙམ་གསུངས། གཞན་ཡང་གདུང་རབས་རིན་པོ་ཆེ་མྱུར་ཕེབས་ཆེད་སྨིན་གྲོལ་གླེང་རྟ་ནག་ཐུབ་བསྟན་མཁན་པོ་བསྟན་འཛིན་རྒྱལ་མཚན། ཛ་ལུང་པ་འགྱུར་མེད་གསང་སྔགས་བསྟན་འཛིན་སོགས་ཀྱིས་འཁོར་ལོ། ཟ་ཡིག རིམ་གྲོའི་ཞལ་བཀོད་སོགས་ཚང་མ་ཆོས་སྡེ་རྣམ་གཉིས། ངོར། བཀྲ་ཤིས་ཆོས་སྡེ། གོང་དཀར། སྡེ་དགེ་ལྷུན་གྲུབ་སྟེང་སོགས་གཙང་དབུས་ཁམས་ཀྱི་དགོན་སྡེ་རྣམས་ཀྱིས་ཐོག་དྲངས་སངས་རྒྱས་ཀྱི་བསྟན་པ་རིས་མེད་གྲུབ་མཐའ་དང༌། རྩིས་བོན་ནས་སྒྲུབ་དགོས་སོགས་ཚང་མ་དང༌། ཇོ་ཞལ་རྣམ་གཉིས། མཐའ་འདུལ་ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང༌། རྒྱང་དང་རྒྱང་འབུམ་མོ་ཆེ་སོགས་སྔོན་གྱི་གནས་རྙིང་དུ་མར་ཞབས་ཏོག་དགོས་ཚུལ་བཞིན་རྩད་གཅོད་མཛད་པས། མཚལ་རིས་ཡེ་ཤེས་སྒྲོལ་མ་རྟེན་བརྟེན་པ་བཅས་དེང་སང་གར་བཞུགས་སུ་ལ་ཡང་ཞུ་རྒྱུ་མ་བྱུང༌། འདན་ཀློང་ཐང་སྒྲོལ་མའང་སྐུ་ཆུང་ངུ་ཞིག་ལས་མེད་སྐད་བཅས། ཚང་མར་མཆོད་འབུལ་རྒྱ་ཆེ་ནས་སྣེ་འབྲེལ་བར་ཅི་སྨིན་མཛད། དེ་ནས་