[A:༢༠༡]གདུང་རབས་རིན་པོ་ཆེ་ཉག་ཕྲ་བས་བཅད་རྒྱ་དང༌། ཞབས་དྲེག ཞབས་འབམ་སོགས་སྒོ་དུ་མ་ནས་ཕེབས་མ་བདེ་བས་མཛོད་འཛིན་ཤེས་རབ་ཕུན་ཚོགས་ལ་བཀའ་འདོམས་བཞིན་ཕེབས། དེ་ནས་ཆོས་གྲྭ་ལྷོ་བྱང་གི་སྤྱི་ཆེན་བཟོད་རྒྱན་གྱིས་གཞིས་རྩེ་བཀྲ་ཤིས་སོགས་བཀུག་ནས། ཐུབ་བསྟན་ལྷ་ཆེན་གྱི་རུང་ཁང་ངམ་གཡོས་ཁང་དཔལ་འབྱོར་རྒྱ་མཚོར་ཁྲོ་ཆེན་གསར་བླུགས་སྐབས། དེར་ཤིས་བརྗོད་དང་ཁྲོ་ཆེན་གྱི་མཚན་ལྗགས་སྒྲིགས་མཛད་པ་དང་མཉམ་དུ། དབྱར་ཆོས་ཆེན་པོའི་ཚོགས་དུང་དཀར་པོ་རྒྱང་གྲགས་གསུང་བསྐུལ་དུས་གཅིག་འཛོམ་པའི་རྟེན་འབྲེལ་བཟང་པོར་ལྷུན་གྱིས་གྲུབ་སྟེ། མཚན་ཡང་འདོད་དགུ་རྒྱ་མཚོར་གསོལ་ཞིང་རྗེ་ཉིད་ནས་སྒྲུབ་གནང་གིས་ཚོགས་བདག་ཐབ་འཁོར་ཡང་འཇུག་པར་མཛད། སྣྲོན་ཟླའི་ཚེས་བཅུ་ཕུན་སུམ་ཚོགས་སྦྱོར་ཉིན་རྗེ་རྡོ་རྗེ་འཆང་ཉིད་ནས་ལོ་གནང་དུས་ཀྱིས་བཅུད་བུམ་གཏེར་འཆར་ཅན་སྒྲུབ་གྲས་ཀྱི་གསུང་ཆོག་དེ་གྲུབ་འཕྲལ་གུང་ཚིགས་དང་བསྟུན། ཆོས་ལུང་ནས་རྒྱལ་པོ་བསོད་ནམས་དོན་གྲུབ་སྲས་འཁོར་རགས་བསྡུས་བཅས་འབྱོན་པའི་གནས་ཚུལ་གྱིས་ཐོག་མར། མཐོང་སྨོན་ན་ད་ལྟར་བཞུགས་ཡོད་ཟེར་བ་གསན་པས། སྨོན་པའི་སྒྲ་དེ་བུམ་སྒྲུབ་ཀྱི་ཚིག་སྒྲར་ལེགས་ཤིང༌། དེ་ཉིད་རྒྱལ་ཡུམ་མཆོག་དབུ་བསིལ་གྲུབ་ནས་སྐུ་རྒྱན་བཞེས་སྐབས་སང་ཉིན་མཇལ་འཛོམ་ཐོག་མ་དང་རང་འགྲིག ལུང་སྲོལ་གྱི་སོས་བསྐོར་ཞེས་གོས་རྒྱན་གཟབ་འཆོར་སྐྲ་ཁྲུ་བཟའ་བཏུང་འབྱོར་པ་དང་བཅས་རྟེན་མཇལ་བསྐོར་བ་གླུ་གཞས་རྐང་བྲོ་སོགས་སྐྱིད་ཉམས་བྱེད་སྲོལ་ནས། ཆུ་