R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༤
[A:༡༤]ཀྱི་སྲིད་སྐྱོང་རྗེ་བོར་མངའ་གསོལ་ཟིན་མ་ཐག་པ་བཅས་ཀྱི་དུས་དང༌། ནག་པ་ཟླ་བ་གཉིས་བརྩེགས་ཀྱི་སྔོན་མའི་ཚེས་བཅུ་གཅིག་རེས་གཟའ་ཉི་མའི་བུ། རྒྱུ་སྐར་སྐེག་འཕྲོད་ཆེན་ལང་ཚོ་སྦྱོར་བའི་ཉི་ཤར་ལ། ནམ་མཁའ་འཇའ་འོད་ཀྱིས་གང་ཞིང༌། གཟིམ་སྤྱིལ་བཙུན་མོའི་ཐོག་ཁར་འཇའ་མདུང་ཚུགས་སུ་ཟུག་ཅིང་མེ་ཏོག་གི་ཆར་ཉིལ་བ། འདི་ལོ་རིག་འཛིན་ཕོ་བྲང་ཞོལ་དང་། ལྕགས་རིའི་འོབས་ནང་སོགས་ལ་སྔོན་མ་གྲགས་པའི་འཇམ་དབྱངས་མེ་ཏོག་ཆེས་ཆེར་རྒྱས་པ་སོགས་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་གཟིམ་སྤྱིལ་དུ་བཙུན་མོ་ལ་སྐུ་བལྟམས་ཤིང༌། ཡབ་རྗེ་མཆོག་གིས་ལྗགས་སྟེང་དུ་དྷཱིཿཡིག་གུར་གུམ་གྷི་ཝཾ་གྱི་ཕྱེ་མ་འདེབས་པར་མཛད་དེ། མཚན་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་བློ་གྲོས་སུ་གསོལ་བར་མཛད་པ་དང༌། དེ་སྐབས་གདུང་རྒྱུད་ཉག་ཕྲ་དུས་བཅས་ཁུལ་འདིར་ལྷ་མི་སྡེ་བཅས་ཚང་མ་དགའ་མགུ་ཡི་རང་གིས། མདོས་ཟབ་སོགས་དགའ་སྟོན་རྒྱ་ཆེར་མཛད་པ་དང༌། འཁྲུངས་མ་ཐག་ནས་གསོལ་འོ་ཞལ་དུ་འཁྱིལ་བ་དང༌། ཞབས་འབྲིང་པའི་བྱེད་སྤྱོད། གཟིགས་སྣང་བྱུང་བ། བླ་མ་རྣམས་ལ་དབང་གསན་པ། སྐུ་རྗེའི་རྒྱབ་ལ་གདན་དྲངས་ཏེ་གདན་ས་འདི་ཉིད་ཀྱི་ལྷ་ཁང་ཁག་ཏུ་གནས་མཇལ་སོགས་ཚང་མ་ཐུགས་དྲན་གསལ་བ་རྗེས་ལ་གཞན་པར་བཀའ་བསྩལ་བ། དེ་དུས་ཀྱི་སྐྱེ་བོ་རྣམས་ལ་ངོ་མཚར་དུ་གྲགས་ཚུལ་སོགས་གདུང་རབས་ཞལ་སྐོང་དུ་ལམ་ཙམ་གསལ་བ་དང༌། རྒྱས་པར་ཤེས་འདོད་ན། རྣམ་ཐར་ཆེན་མོ་བཞིན་དང༌། རྣམ་ཐར་བསྡུས་པ་ལས་