R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༥
[A:༡༥]ཀྱང༌། བལྟམས་ཚེ་གཟིགས་སྤྱིལ་བཙུན་མར་འཇའ་འོད་དང༌། །མེ་ཆར་ཉིལ་དང་འོབས་ནང་འཇམ་དབྱངས་ཀྱི། །མེ་ཏོག་གསར་འཁྲུངས་དང་བཅས་ཕེབས་འཕྲལ་ནས། །ཐུགས་དྲན་མཐའ་དག་གསལ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། འཁྲུངས་ལོ་དེར། ཡབ་རྗེ་མཆོག་ནས་སྨིན་བྱེད་དབང་གི་ཐོག་མ་དཔལ་གསང་འདུས་མི་བསྐྱོད་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་སྐབས་བྱ་རོག་ཞིག་བཙུན་མོའི་རབ་གསལ་གྱི་བྱ་གདེང་ཁར་བབས་ཏེ། སྐད་སྙན་སྒྲོག་ཅོང་རྗེས་གནང་ཞུ་མི་རྣམས་ལ་ལྟ་བའང་ཐུགས་ལ་ཤིན་ཏུ་གསལ་བ་དང༌། བརྡལ་ཆུར་ཡབ་རྗེ་ཉིད་ཆབ་ཞུགས་སྐབས་སུ་པུ་ཏྲས་བསྐུར་བྱུང་གསུང་བའི་རྡོ་གྲི་ཀ་རྡོའི་དབྱིབས་ཅན་ལོགས་ལ་ལས་མཁན་བླ་རྡོ་ཕ་ཝཾ་ལོང་བུ་ཁ་ཤས་འབྱར་བ་ཞིག རྗེ་ཉིད་ལ་བསྩལ་བ། ཕྱིས་སུ་ནང་སོའི་པུ་ཏྲའི་སྐུ་གཟུངས་ལ་བཞུགས་པར་གྲགས་ཤིང༌། དགུང་གྲངས་གསུམ་བཞེས་པའི་ཚེ་གོམ་ལས་གོག་པ་སོགས་མི་མཛད་ཅིང༌། གསུང་བྱོན་པའི་ཐོག་མར་འཕགས་པ་འཇམ་དཔལ་གྱི་གཟུགས་སྔགས་ཨ་ར་པ་ཙ་ན་དྷཱིཿཞེས་རང་བྱུང་དུ་གསུངས་ཤིང༌། ཡུམ་གྱི་སྙུན་རིམ་དུ་ཇ་ཤོག་ལ་གནོད་བགེགས་འགུགས་གཞུག་མཛད་ནས་མེར་བསྲེགས་པས་སྙུན་ལས་གྲོལ། ཕྱིས་རབ་བྱུང་དང་སྔགས་འཆང་རིམ་མཛད་ཀྱི་བརྡ་སྟོན་དུ་ན་བཟའ་དཀར་དམར་གཉིས་ལ་དགྱེས་ཤིང༌། གཟི་ཁྲའི་གོ་བ་ཕུལ་བ་བཞེས་ཚུལ་བསྟན་པ་དང༌། དེ་ཙམ་ནས་བཟུང་མི་རྣམས་ཀྱིས་འདི་བྱ་འདི་བྱེད་དང༌། སོ་སོའི་ལད་མོ་དང་