R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༦
[A:༡༦]དབྱིབས་རྣམ་འགྱུར་སོགས་ལ་དཔག་པས་ནང་གི་དེ་ཉིད་རྣམས་ཀྱང་མཁྱེན་པས་མཚོན། ཆོས་འཇིག་རྟེན་བྱ་བ་ཕལ་ཆེར་ཐུགས་ཀྱི་བང་མཛོད་དུ་བཞུགས་པའི་སྒོ་དང་པོའང་འདི་ཙམ་ནས་དོད་དེ། དེ་དུས་ཀྱི་མི་རྣམས་ཀྱིས་འདི་འདྲའི་དགུ་དྲན་གྱི་བླ་མ་ཞིག་ཨང༌། ཞེས་གླེང་བ་བྱུང༌། རྩེ་ཆེན་ལྷ་ཁང་ཉམས་གསོའི་སྐབས། ཡབ་སྲས་ནས་གྲུབ་མཚན་སྟོན་པར་བཞེད་དེ། རྗེ་ཉིད་ཀྱི་སྐུ་དཀྱིལ་ཕལ་ཆེར་ཤུ་བས་གང་བ་ན། ཡབ་རྗེའི་གསུངས་ལས། ཨར་པོ་བྱེད་བཞིན་པ་འདི་ཡི་རྩིག་སྐེད་ན་རྡོ་སྒམ་འདྲ་བ་ལ་གནས་པའི་ས་བདག་གིས་གནོད་པས། དེ་ཕོབ་ལ་དཀྱིལ་ཁང་དུ་ཀླུ་མཁར་བཟོས་པའི་ནང་དུ་ཆུག་གསུངས་པ་བཞིན་བགྱིས་པས་རིམ་དྭངས་སུ་གྱུར། དེ་སྐབས་བྱུགས་སྨན་སྤྱི་དང་ཁྱད་པར་དྲེས་ཐག་མེར་སྦྱངས་ཀྱི་ཐལ་སྨན་བྱུགས་པས་བཟོད་གླགས་མེད་པའི་ཚ་ཟུག་འཁྲུངས་ཀྱང༌། ཕྱག་ཞབས་ཟིང་ཙམ་ལས་གསུང་ཡེ་མ་ཤོར་བའི་དམ་བཅའ་མཛད་གསུངས། ལོ་འདིའི་རིམ་སྒྲུབ་འདི་ལ་ཡབ་རྗེའི་ཕྱག་བཟོ་ཕག་གཟུགས་ཆུང་ངུ་ཞིག་བསྩལ་བ། ཕྱིས་སྟེང་འོག་གདོན་གྱི་གནོད་པ་ཕལ་ཆེར་དེས་སྲུང་ཐུབ་བྱུང༌། ཞེས་གསུངས། དེ་སྐབས་ཙམ་ལ་རྗེ་ཉིད་ཞབས་འབྲིང་པའི་རྒྱབ་ལ་གདན་དྲངས་ཏེ་ནང་སོའི་མགོན་ཁང་མཇལ་བར་མཛད་སྐབས། ཟངས་ཆེན་བཀྲ་ཤིས་འོད་འབར་གྱི་མཚོ་ལ་མཐོང་ཁུངས་ནས་ཉི་མ་ཤར་བ་འདྲ་ཞིག་གཟིགས་པས་རྗེས་སུ་ཐུགས་ཞིབ་མཛད་པས། དེ་འདྲ་མེད་པ་དངོས་བསྟན། ཕྱིས་སུ་ནང་སོ་རྟེན་བརྟན་པ་བཅས་པར་ཉམས་གསོ་གྲུབ་པའི་རྟེན་འབྲེལ་དུ་གཟིགས། དེ་