R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༢༧
[A:༢༢༧]བརྒྱ་ལྔ་བཅུ་ཐམ་པ་བཟླ་བར་མཛད། དེ་ལོ་ཕུར་སྒྲུབ་ཕྲིན་འཆོལ་གཟབ་མ་དང༌། དངོས་གྲུབ་གླིང་དུ་རྒྱུན་བསྐང་འཛུགས་གནང་གིས་ཆུ་སྟོད་ཟླ་ནང་ལྷོར་སྤོས་ནས་ལྷ་ཆེན་ཁྱམས་སྟོད་མདའ་གཡབ་སྟེང་དུ་རྗེ་ཉིད། བརྒྱ་དཔོན། དབུ་བྱེད་གསུམ། མཆོད་དཔོན་སོགས་ནས་འཆམ་རྒྱུགས་བཞེས། གྲོ་བཞིན་ཙམ་ནས་ཡུམ་མཆོག་གི་འོ་འཛིན་གཡོན་བསྙུན་པ་རིམ་གྱིས་ཇེ་ལོད་དུ་གྱུར་པར་ལྗགས་ཆུ་དང༌། སྨན་བླ་མཆེད་བདུན། ཀླུ་དབང༌། སེངྒེ་སྒྲ་སོགས་ཀྱི་རྗེས་གནང་གྲངས་མང་བསྩལ། ཕུར་སྒྲུབ་ཐོག་སྒྲོ་ལུང་པ་ཆེན་པོའི་ཉེ་གནས་དབང་ཕྱུག་རབ་བརྟན་ནས། རྗེ་དེའི་དུང་ཆོས་ཁྱད་འཕགས་ཤིག་ཕུལ་བས་རྗེ་ཉིད་ནས་དེ་མ་ཐག་འོ་འདི་ངའི་དུང་ཆོས་ཡིན་གསུངས་ཤིང༌། དབྱུག་ཟླའི་ནང་འཛམ་གླིང་ཕུན་ཚོགས་དཔལ་འབར་དུ་ད་ལྟའི་རྟེན་ཁྲི་བརྐོས་མ་བཟོ་ཁྱད་པར་ཅན་འདི་གསར་བསྐྲུན་གྱིས་སྒྲིག་པར་མཛད། དེ་སྐབས་ཤིག་སྡེ་དགེ་སྨན་པ་བླ་མས་འབུལ་ཆེན་ཐོག གསེར་ཐིག་བུག་ཅན་ཞིག་ཕུལ་བ་དང༌། སྟབས་མཚུངས་གོང་གི་སྒྲོ་ལུང་པའི་དུང་ཆོས་ལ་གསེར་རྡོག གསེར་དངུལ་གྱི་གཟུངས་ཐག་མུ་ཏིག་སོགས་ཀྱི་སྤེལ་བཅས་སྒྲོན་གནང་གིས་ཚེ་ཆོག་གནང་བ་བཅས་གསེར་ཐིག་ཀྱང་དེ་གྲས་སུ་འགྲིག་པས་ལེགས་པར་བཀའ་བསྩལ། དེ་ལོའི་དཔྱིད་དབྱར་སྟོན་སོགས་འདི་ཁུལ་ལ་རིམས་ནད་ཡོང་མུར་གདུང་རྒྱུད་རིན་པོ་ཆེ་ཡང་བག་ཕེབས་གེ་བཞེས་པས་མགུལ་མི་བདེ་བ་འཁྲུངས་འཕྲལ་རྗེ་ཉིད་ནས་རི་ཁྲོད་མ། ལྗགས་ཆུ་སྐུ་རིམས་རྣམས་ནར་མར་གནང་བས་མྱུར་དུ་སྙུན་ལས་གྲོལ་བར་མཛད། རྗེ་རྡོ་རྗེ་