R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༣༠
[A:༢༣༠]ཡང༌། ངལ་བ་ཁྱད་བསད་ཀྱིས་ཐབས་དུ་མར་འབད་པའི་འབྲས་བུར་མངོན་དུ་གྱུར་ཏེ་ད་ནི་ཞལ་གཟིགས། ཞལ་དྲོའི་གཙུག་ལག་ཁང་ཁྱད་པར་ཅན་འདི་ཡང་རྟེན་འབྲེལ་བཟང་པོ་དང་བཅས་ཧ་ལམ་ཚགས་སུ་ཚུད་པས་ཐུགས་བདེ་དགོངས་པའི་མུར། བདེ་སྟོང་གི་ཉམས་ཁྱད་པར་ཅན་ཞིག་འཁྲུངས་བྱུང་ཞེས་བཀའ་བསྩལ། ཞལ་དྲོ་ཕེབས་སྐྱེལ་གྲུབ་ནས་རབ་གནས་ཞབས་བསྐོར་འཁོར་བ་དུས་མཚུངས་དང༌། ཀུན་རང་བྱིས་པ་རྣམས་ཀྱིས་ལྷ་རྒྱལ། སེར་ཁང་རྩེ་ནས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་མཛད་པ་སོགས་ཐུགས་གྲ་གང་འགྲིག་གནང་ཉིན་གནམ་གཤིས་ཀྱང་བཟང༌། ལྷག་པར་མེ་ཏོག་གི་ཆར་ནི་སྔར་དྲན་མ་མྱོང་བ་ལྟ་བུ་འབབ་པ་འདུག་ཅེས་མཐའ་དག་ནས་གླེང་བའང་དོན་ལྡན་བཞིན་དང༌། མི་རིང་བར་གསོལ་ཐབས་ལྷོར་ཕེབས་དང་ཆབས་ཅིག་རྒྱལ་ཡུམ་ཉིད་སྨན་ཆབ་སྐབས་ཀྱང༌། སྐུ་གདུང་རིན་པོ་ཆེ་བདེ་མུའི་མཚན་གཟིམ་ཐོག་འགར། བྲམ་ཟེ་ཚངས་པ་ཚངས་པ་ཞེས་སོགས་མཚན་བརྗོད་ཀྱི་ཚིག་འགའ་གསུང་མུར་མནལ་སད་པ་དང༌། ཡུམ་ལ་སྨན་ཆབ་དེས་ཕན་ངོ་ཆེར་གྱུར་ཏེ་རིམ་གྱིས་སྙུན་ལས་གྲོལ། ཕུར་སྒྲུབ་སྐབས་མཛོད་འཛིན་ཡང་འབྱོར་ཞིང་ཞལ་དྲོའི་སྐོར་ཚང་མ་གྲུབ་ནས། ཁྲུམས་ཟླར་རབ་སྟོན་གནང་དུས་རྗེ་རྡོ་རྗེ་འཆང་བན་ཚང་འཁོར་ཚོགས་བཅས་གཙུག་ལག་ཁང་འོག་མ་དང༌། མཁན་ཆེན་བསྙེན་སོང་རྣམས་སྟེང་དུ་འདུ་བར་མཛད་དེ། ཀྱཻ་རྡོར་རབ་གནས་འབྲིང་པོ་བཅས་ཕྱི་བསྐོར་ལ་མེ་ཏོག་གི་ཆར་ཉིལ་བའི་ཞར་ལ། ལྷ་ཆེན་རུང་ཁང་ཉམས་གསོ་ཁྲོ་ཆེན་