R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༣༡
[A:༢༣༡]གསར་བླུགས་བཅས་ལའང་ཤིས་བརྗོད་ཀྱི་མེ་ཆར་ཕབ་སྟེ་ཆུ་ཁ་མ་ནས་དྲུང་གཞས་ཀྱིས་སྔུན་བསུས། ཞལ་དྲོར་རྗེ་ཆོག་རྣམས་དང༌། ཚོམས་ཆེན་དུ་དགའ་སྟོན་བཞུགས་གྲལ་གྱི་ཚེ་གསུང་བཤད་མཚམས་སྦྱོར་ལ། རྗེ་བཙུན་ས་སྐྱ་པར་གདུང་རབས་རིན་པོ་ཆེ་དགོས་གལ་ཆེ་ཚུལ་ཐོག་མར་གནམ་ཁའུ་པ་ཉིད་ཀྱི་གསུང་བཞིན་གདུང་འཛིན་གྱི་གོ་སར་བཞུགས་ན་མ་འོངས་པར་ཕན་པའི་ལུང་བསྟན། བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་རྒྱ་ནག་གོང་མ་ཆེན་པོ་དང་ས་སྐྱ་དཔོན་ཆེན་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་ཚུལ། སྔགས་འཆང་ཆེན་པོ་དང་ཨ་མེས་ཞབས་རབ་བྱུང་ལས་སླར་གདུང་འཛིན་མཛད་ཚུལ་སོགས་ལས་འཕྲོས་ཏེ། གྲགས་བློ་བས་ཨ་མེས་ཞབས་ལ་ཞལ་ཏ་ནན་ཏན་གནང་ཚུལ་བཞིན་དེ་དུས་རྗེ་རྡོ་རྗེ་འཛིན་ཉིད་ལའང་གནས་ཚུལ་དེ་ལྟར་ཤར་ཚུལ། གདུང་རབས་རིན་པོ་ཆེ་མྱུར་དུ་ཕེབས་ཆེད་གོང་གི་སྒྲུབ་མཆོད་བརྒྱ་ཚར་རྣམས་དང༌། གྲྭ་ལྔ་ལུགས་སྐུ། སྒྲོལ་མ་གསེར་ལྗང་མ། རྒྱལ་ཡུམ་ནས་དངུལ་གྱི་སྒྲོལ་དཀར་གསར་བཞེངས། གཞན་ཡང་འཇིམ་སྐུ་ལྡེབ་བྲིས་བཅས་བཞུགས་པའི་ཞལ་དྲོ་ལྷ་ཁང་རྟེན་བརྟེན་པར་བཅས་པའི་རབ་གནས་ཡིན་ཚུལ་སོགས་ཀྱིས་འདོམས་པར་མཛད་དུས། གྲགས་བློ་བའི་ཞལ་ཏ་ལོ་རྒྱུས་རྣམས་གསན་པས་དབུ་བྱེད་དཀའ་བཅུ་པ་སྤྱན་ཆབ་དབང་མེད་ཉིལ་ཞིང༌། དེ་ནས་ལེགས་སྐྱེས་ཀྱི་བདོག་པ་རྣམས་བཞེས་ནས། བཟོ་པ་རྣམས་ལ་གནང་སྦྱིན་གྱ་ནོམ་པ་བྲིམས་པར་མཛད། དགུན་ཐོག་མཛོད་འཛིན་བླ་བྲང་མཆོག་ཏུ་གཏན་ཚིགས་ཞུ་བར་ཕེབས་པ་དང༌། དྲུང་ཡིག་ཀུན་ཕུན་