[A:༢༣༤]གཟིགས་འབུལ་སྐབས། ད་ནང་ཡང་གདུང་རྒྱུད་ཞིག་འཁྲུངས་ཚུལ་ལས་འཕྲོས་པའི་བཀའ་གསང་མང་དུ་གྲོལ་ཞིང༌། དེ་མཚམས་ནས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་དགོངས་པར་འཁྲུངས་པ་ཞལ་ལས་བྱོན་པ་རགས་ཙམ་བརྗོད་ན། གདུང་སྐུ་མཆེད་འཁྲུངས་སྐབས་རྟགས་བཟང་ཞིང་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་སོ་བདུན་དགུང་སྐེག་ཐུ་མོ་ལས་ཐར་ཞིང་སྤྱི་དགོས་ནས་རེ་བ་ཆེ་ཚུལ། དེ་ཡང་མཆོག་གསུམ་སྤྱི་དང་བྱེ་བྲག་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱིས་ཐུགས་རྗེ་ཁོ་ནས་ཡིན་ཚུལ་རྗེ་རྡོ་རྗེ་འཆང་ཉིད་དགུང་ན་ཕྲ་བར་གདན་སའི་འགན་ཁུར་བཞེས་པར། གདན་ས་ཆེན་པོ་འཐུས་ཤོར་ཉེན་ཐར་རྩེ་རྡོ་རྗེ་འཆང་དེ་ཉིད་ཀྱིས་དངོས་བརྒྱུད་ནས། ལེགས་སློབ་ཉེས་བཅོས་སོགས་བཀའ་དྲིན་བསྐྱངས་ཚུལ་གང་གི་ཡབ་རྗེ་ཉིད་དགུང་ལོ་བདུན་པར་གདན་སའི་ཁུར་བཞེས་ལ་ཇུན་གར་དམག་དུས་སོགས་ལ་ཡང་ཕ་རོལ་གྱི་ཉེར་འཚེ་གང་ཡང་མེད་ཁར་སྐྱབས་ཞུས་སོགས་འདུན་བྲལ་སྐྱེས་ཆེན་དེ་ཉིད་ཀྱི་རྗེ་རྡོ་རྗེ་འཆང་ཉིད་ཀྱི་རིང་འཚོའི་རྟེན་བཞུགས་དེར། བྱམས་བསྟན་མ་ཤར་བར་དུ་ཞབས་བརྟན་པའི། །འཕྲིན་ལས་སྲུང་མའི་ཚོགས་གྱིས་འགྲུབ་པར་མཛོད། །ཅེས་བྱམས་བསྟན་སོགས་མ་འོངས་འབྱུང་རྒྱུ་ཡིན་ལ། སྐུ་མཆེད་སྔོན་ལ་གཤེགས་ནས། མ་འོངས་པ་རྡོ་རྗེ་འཆང་ཉིད་ཅུང་མཛད་དཀའ་བ་འོང་ཡང་འཕྲིན་ལས་བསྟན་སྲུང་གི་སྒྲུབ་པ་ཡོད་ཧུར་ཐག་ཐོངས་གསུང་རྒྱུ་ཡིན་འདུག་པའི་ཚུལ་སོགས་མང་དུ་བཀའ་ཕེབས་པ་ནི། འཇམ་དབྱངས་ས་པཎ་གྱི་ལམ་ཟབ་བླ་མའི་རྣལ་འབྱོར་དུ། རང་གི་དབང་ནོད་པའི་བླ་མ་སངས་