R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༣༥
[A:༢༣༥]རྒྱས་དངོས་སུ་མཐོང་ན། དེ་དང་མཐུན་པའི་བྱིན་རླབས་འཇུག་པར་གསུངས་པས་ན། དམ་པའི་སྤྱོད་ཚུལ་ཁོ་ན་དང་རྒྱས་པར་རྣམ་ཐར་ཆེན་མོར་གསུངས་པ་བཞིན་ནོ། །དེ་ནས་རིམ་བཞིན་རིལ་སྒྲུབ་འཕྲིན་འཆོལ་སོགས་དང༌། གོང་གི་རྟེན་འབྲེལ་རྣམས་དང་བསྟུན་དར་དཀར་ལ་མཚན་གྱི་མངའ་གསོལ་འདྲི་བར་མཛད་པ་ནི། ཕན་བདེ་རྒྱ་མཚོའམ་ཨེ་ཝཾ་བཟང་པོར་གསོལ་བའི་རྒྱུ་མཚན་སྐུ་མཆེད་གཉིས་བྱོན་པ་དང༌། འཁྲུངས་དུས་རྡོར་དྲིལ་མང་དུ་སྒྲིག་པར་མཛད་པས་ན་ཨེ་ཝཾ། བརྩོན་འགྲུས་བཟང་པོའི་མཚན་མཐའ་བཟང་པོར་གསོལ་བར་མཛད་ལགས། རིལ་སྒྲུབ་སྐབས་བསམ་ཡས་སུ་གནང་རྒྱུའི་དབུ་འཆིང༌། རྒྱལ་མཚན་ཇུས་དཀར་སོགས་བཀའ་འདོམས་དང༌། དེ་དུས་རྗེ་ཉིད་དང་རྒྱལ་སྲས་གཅུང་དམ་པ་ཅུང་ཟད་སྙུན་ཚུལ་ཡང་སྲུང་འཁོར་ལྗགས་སྔགས་སོགས་རིམ་གྲོའི་རིགས་ནན་ཆེར་མཛད་མ་ཐག་ཡབ་སྲས་སྐུ་དཀྱིལ་གསལ་བས་རིལ་སྒྲུབ་གཏང་རག་དང༌། ཆུ་ལུག་གནང་བཞིན་ལྷ་མོ་གསོལ་མཆོད་གཟབ་གཤོམ་ལེགས་འབུལ་རིམ་གྲོ་རྣམས་མཛད་དུས་ཚོགས་ཆེན་དབུ་ཆེན་བསོད་ནམས་བསྟན་འཛིན་འཁོད་འཕྲལ་དང༌། སྣྲོན་ཚེས་དྲུག་ནས་ཟླ་གཅིག་རིང་མགོན་ཁང་ཡོད་དོ་ཅོག་ཏུ་བསྟན་འགྲོའི་བདེ་ཐབས་ལ་ཆེད་དམིགས་གསུང་བསྐང་ཐོག་སྙན་ཤལ་འདོད་གསོལ་ཅན་རྣམས་བསྟར་ཞིང༌། ཚེས་དྲུག་ལ་ཕུན་གླིང་རྩེར་གསེར་ཟངས་ཀྱི་རྒྱལ་མཚན་ཟུང་གསར་འཛུགས་དང་སྦྲགས་གཟིམ་ཆུང་སྟེང་ཐུག་གསུམ་གནས་སྤོའི་ཐུག་འཛུགས་གནང་བའང་གུང་མ་ལྕམ་དྲལ། ནུབ་མ་ཞལ་གཙོ་འཁོར། ཤར་མ་ལས་